| | e-texts navigator
|
219b1 བརྟན་ནས་དོན་ཐམས་ཅད་སྡུད་པའོ།། དངས་གྲུབ་ཐམས་ཅད་ཀྱང་རིག་པ་རང་གི་བསླབ་ལས་བྱུང་བའོ།། སངས་རྒྱས་ཐམས་ཅད་བསྐྱེད་ཅིང་བགེགས་དང་རྟག་པ་ཐམས་ཅད་རང་གིས་རང་གཞོམ་པའོ།། མཆོག་དང་མཆོག་མ་ཡིན་པའི་འདོད་པ་ཐམས་ཅད་ནོར་བུ
219b2 རིན་པོ་ཆེ་རང་རིག་པ་ལས་འཕེལ་བའོ།། ཡོན་ཏན་མ་ལུས་པའི་ཚོགས་ཐམས་ཅད་གསང་བ་མཆོག་གི་རང་བཞིན་ནོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདག་ཉིད་ནི་ཆོས་ཐམས་ཅད་མི་ཕྱེད་པའི་རང་བཞིན་ཅན་ནོ།། རིག་པ་བྱང་ཆུབ་ཀྱི་སེམས་ནི་སྔོན་གྱི་རྒྱལ
219b3 པ་ཀུན་གྱིས་མྱེས་ཆེན་པོ་ཡང་ཡིན། ད་ལྟ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱང་ཡིན་ཏེ་མི་ཟད་པའི་འཁོར་ལོ་ཐམས་ཅད་རང་ལ་བསྐོར་བའོ།། དེ་ཉིད་ཀྱང་རང་སྣང་གཞན་དུ་མི་གནས་པ་ནི་སྣང་བ་རྒྱ་ཡན་ཆེན་པོ་ཞེས་བྱ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས
219b4 ཀྱི་ཐུགས་རིག་པའི་གའུ་ནས་འོད་གསལ་ཆགས་པ་མེད་པར་རང་སྣང་ཞིང་ཆགས་པ་མེད་པར་འདུག་པའོ།། དྲན་པ་དང་རིག་པ་ཅི་གསལ་ཐམས་ཅད་མ་བཀོད་བཞིན་རིག་བརྒྱ་ཡིན་པའི་རིག་པ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་ནི་གང་དུ་བསམས་ཤིང་བརྟགས་པ་ལས་འདས་པའོ།། དེ
219b5 ཡང་ཉིད་ཀྱི་སྤྱོད་ཡུལ་ནི། དེ་ཉིད་མུ་སྙིགས་ནས་གསང་ཆེན་མན་ཆད་དུ་རང་ཤར་བའོ།། གསང་བ་ཆེན་པོ་སྒྲ་སྐད་དུ་ཇི་སྙེད་པར་སྒྲོགས་པ་ཡང་གསང་བ་ཆེན་པོའི་ལམ་ཡིན་ཏེ་གངའདུ་ཡང་རང་ལས་གཞན་དུ་ཐོས་སུ་མེད་པ་ཉིད་དོ།། རང་གི་རིག་པ་གསང་བ་ཉིད་ཆོས་ཀྱི
219b6 སླར་ར་སྙོམས་པ་ནི་དུན་གྱིས་མ་རིག་པའོ།། སེམས་ཉིད་ཀུན་པ་ཁྱབ་ཅིང་ཆོས་སུ་རང་གསཔ་པ་ནམ་མཁའ་དང་ནི་མ་ལྟ་།། ལྡད་གྱིས་གྲུས་པའི་ཆོས་ཉིད་ལ་རང་བྱུང་ཡེ་ཤེས་ཀྱི་སྐུ་ལྷར་རྫོགས་པ་ནི། རིག་པ་ཉིད་ཀྱི་སྡང་གཞི་མི་འགོག་པའོ།། སྣང་སྲིང
219b7 འབྱུང་ལྔར་ཤར་བ་ཡང་རང་བྱུང་ཡེ་ཤེས་ཆེན་པོའི་ཡོན་ཏན་ནོ།། འབྱུང་བ་ཐམས་ཅད་ཀྱི་སྙིང་པོའམ་བཅུད་དུ་གྱུར་པ་ནི་སེམས་ཉིད་དག་པ་ཆེན་པོའི་དགོངས་པ་ཉིད་དོ།། སྙིང་པོ་དེ་ཉིད་ཤིན་ཏུ་བཙལ་དཀའ་བའི་དོན་ཡིན་ཏེ་གཞན་ལས་མི་རྙེད་པའོ།། གང་ཞིག་ད
iiif viewer powered by OpenSeadragon
219a - 220a