| | e-texts navigator
|
218b1 པའོ།། དེ་ཕྱིར་བཏང་སྙོམས་མི་བསྒྲིམ། བྱུང་ཚོར་གློང་ལ་བཞག་གོ།། རིན་པོ་ཆེ་འཁོར་ལོ་བརྩེག་པའི་རྒྱུད་ལས། རང་བཞིན་ཁྱད་པར་གྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ངོ་བོ་བདེ་བ་ཆེན་པོ་ལ་བཀའ་སྩལ་པ། གཞི་འཛིན་ཅིང་རྩལ་འཆར་བའི་བྱང་ཆུབ་སེམས
218b2 ནི། འཁོར་འདས་གང་ཡང་རྒྱམ་ཆད་ལ་གང་གིས་ཀྱང་གཏན་ལ་ཕེབས་པ་དཀའ་ཏེ། དེ་ཅིའི་ཕྱིར་ཞེན། དངོས་པོར་མ་གྲུབ་ཅིང་རྣཚོགས་སུ་འབྱུང་བས་རྒྱ་རྐྱེན་ད་པྲལ་ཏེ་སྙིང་པོ་མེད་པའོ།། དེ་ཡང་ནི་རང་གི་རིག་པའོ།། སྔོན་པོར་དུ་རིག་པའི་ཡེ་ཤེས་སུ་མཁྱེན་ཅི་ཏེ། དོན་མ་རིག་པའི་གནས་སྐབས་ཙམ
218b3 མཆད་དེ། རིག་པ་ཟོད་ནལ་དུ་སངས་རྒྱས་ཟིན་པའོ། དུག་རྣམ་པ་ལྔར་སྣང་ཡང་མ་འཁྲུལ་པའི་ཡང་ཁོང་དུ་ཡེ་ཤེས་ཀྱི་རང་བཞིན་དུ་གསལ་བས་དྲུག་ལྡུམ་སྤསྤྲས་པར་རང་དག་ཟིན་པའོ།། ད་ལྟ་འཁྲུལ་པ་ལྟར་སྣང་བ་ཡང་ངོ་ཤེས་ཤིང་རྟོགས་པས་གྲོལ་བ་ཡང་སྔར་གྱི་རང་སའོ།། སྣང་བ་དང་མི་སྣང
218b4 བའི་ཆོས་ཐམས་ཅད་ཡང་རིག་པའི་ཀློང་ཆེན་པོར་ཕེབས་ན། མཉམ་པ་ཉིད་རང་རིག་པའི་ཀློང་ལམ་ཆེན་པོ་ལས་མ་བྱུང་བའི་ཆོས་ནི་གང་ཡང་མེད་པ་ལ། སེམས་ཀྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་ཡང་། རིག་པ་ཉིད་ཀྱི་རྡུལ་ལས་བྱུང་ཞིང་གཞན་མེད་དེ། བི་དེ
218b5 བར་གཤེགས་པའི་རིགས་ཐམས་ཅད་དང་། རིགས་ལྡང་གྱུར་པའི་སངས་རྒྱས་དང་། ཡབ་ཡུམ་སྲས་དང་བཅས་པའི་འཁོར་ཕུན་སུམ་ཚོགས་པ་ཡང་། རང་གི་རིག་པའི་རྩལ་དང་དེ་རུ་བྱུང་བ་ལས་གཞན་མེད་དོ།། རྒྱུ་རྐྱེན་ནུས་པའི་མཐུ་རུ་སྣང་བ་ཉིད་ཀྱང་། བྱང
218b6 ཆུབ་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ། སྣང་བ་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། ཡུལ་སེམས་དབྱེར་མེད་པར་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ། རིག་པ་རང་གི་ངོ་བོ་བརྗོད་པ་དང་བྲལ་བའི་མཐུས་གསང་བ་རྣམ་གསུམ་གྱི་དཀྱིལ་འཁོར་དུ
218b7 བ་ཐམས་ཅད་མི་འགལ་བར་ང་ལས་བྱུང་བ། ཡེ་ཤེས་ཀྱི་སྣང་བ་དང་། ཡུལ་གྱི་བླང་གཞི་དང་། མངོན་པར་ཤེས་པའི་རྫུ་འཕྲུལ་ནམ་མཁའ་རི་བྲག་གི་པངས་གང་ལ་ཡང་ཐོགས་པ་མེད་པར་འགྲོ་བ་དང་། སྤྲུལ་པ་དྨ་ཚོགས་ཇི་ལྟར་འཚམས་པ
iiif viewer powered by OpenSeadragon
218a - 219a