e-texts navigator
Collection
Volume
Page
Wylie

214a1 ཡང་མེད།། སེམས་ཀྱི་རྒྱུདའང་མེད་པས་ནཱ།། ཐམས་ཅད་ཐམས་ཅད་སྟོང་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། དམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་རྩོལ་བ་དང་བྲལ་བར་བསྟན་པ
214a2 ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདེན་པ་གཉིས་སོ་སོར་བསྟན་པའི་ཆེད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན་དམ
214a3 ང་བོ་ཉིད།། ཐ་དད་དུ་མ་མ་ཡིན་ཏེ།། སེམས་ཅན་བསཔ་པའི་དབང་གིས་ན།། ཐབས་རིམ་པ་དུ་མར་འགྱུར།། ལྕོག་པ་རྟག་པའི་བདག་ཉིད་དུ།། བྱེད་པ་པོ་ལ་སོགས་པ་མེ།། རྒྱུད་འདོད་མཐང་བ་ཛན་པ་དང་།། རྒྱ་རྒྱ། ཆད་ཏེ་རྗེན།
214a4 ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། ཚིག་ཏུ་སྤྲོས་བྲལ་ཞེས་བྱའོ།། ཕྱི་རོལ་དོན་དུ་ལྟ་བ་གཉིས།། བདག་ཏུ་འཛིན་པ་ལ་སོགས་པ།། ཀུན་རྫོབ་ཡིན་ཏེ་དོན་དམ་མིན།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། རྟེན་ཅིང་འབྲེལ་པ་ལ་སོགས་པ།། ཡང
214a5 སུ་འདོད་པ་པོ།། རྡུལ་ལས་གྲུབ་པའི་མཚན་ཉིད་དང་།། དེ་ལས་དེ་བྱུང་ཆོས་བདག་ཉིད།། དོན་དམ་པ་ཡི་རང་བཞིན་ནོ།། གཟུང་དང་འཛིན་པ་རྣམ་སྤངས་པའི།། ཤེས་བྱ་ནང་གི་འདོད་པ་དང་།། རྡུལ་ཉིད་ཕྱོགས་ཆས་མི་འགྲུབ་ཅིང་།། གཅིག
214a6 དུ་མ་མ་ཡིན་ནོ།། ཀུན་ཏུ་བརྟགས་པའི་བདག་ཉིད་ནི།། ཡང་དག་མིན་ཏེ་ཀུན་རྫོབ་ཡིན།། གཞན་གྱི་དབང་གི་ངོ་བོ་ཉིད།། ཡོངས་སུ་གྲུབ་པ་ཞེས་བྱ་བ།། དོན་དམ་བདེན་པ་ཞེས་བྱའོ།། སྟོང་པ་ཆེན་པོའི་རང་བཞིན་ནི།། ཆོས་བདག་མེད་པར
214a7 ཉིད་པས།། རང་སེམས་གཟོང་ངས་མ་སྦས་པ།། རང་བཞིན་ཅན་གྱི་ཀུན་རྫོབ་སྟེ།། དོན་དམ་སྟོང་པ་ཉིད་ཡིན་པས།། རང་བཞིན་རང་བཞིན་མེད་པའོ།། བྱ་བ་དང་ནི་གཉིས་ཀང་རྒྱུད།། ཕྱི་རོལ་སྤྱོད་པའི་བྱ་བ་དག། ཁྲུས་དང་གཙད་སྦྲམས




iiif viewer powered by OpenSeadragon

213b - 214b

Texts on this page

Gdg006.30 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor ma yi rgyud