| | e-texts navigator
|
213a1 པ་ཐམས་ཅད་ཀྱི་བདག་པོས། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ནི། ནམ་མཁའ་དང་མཉམ་པ་སྟེ། སངས་རྒྱས་ཀྱི་སྤྱོད་ཡུལ། ལྡན་ཐོལ་ལ་སོགས
213a2 པ་དང་ཐུན་མོང་མ་ལགས་པ། མཆོག་ཏུ་གསང་བ་ཉིད་པས།། ཁྱེད་རྣམས་གྲང་མ་སྐྲག་མ་དངངས་དང་ངེས་པར་མ་བྱེད་ཅིག། སྤྱོད་ཡུལ་འདི་ལས་འདིའ་བར་དག་ནི།། དེ་བཞིན་ཉིད་དུན་ལ་གནས་པ་ཞིན་ཀྱང་། ཤེས་རབ་དང་སྙིང་རྗེར་མི་འན་ཅི་སྐལབ
213a3 མེད་པ་རྣམས་འཇུག་པར་མ་བྱེད་ཅིག། དེ་ནི་ཉམས་པར་འགྱུར་ཏེ། ཟབ་པོའི་དོན་མི་རྟོག་ཅིང་གནས་མེད་པ་ཡིན་ཏེ། དཔེར་ན་དེ་ཕྱི་བུ་དྲ་བཞིན་ནོ།། དེ་བས་ན་རིགས་གང་ཡིན་པ་མཚན་ལས་ཡོངས་སུ་བཟུང་ངོ་།། ཞེས་བརྗོད་པ་ས་ཐམས་ཅད་རང་དང་གི་གནས་ག
213a4 བར་འཁོད་པར་གྱུར་ཏོ།། དེ་ནས་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་དུ་རྩོལ་བ་དང་བྲལ་བའི་ཐབས་འདི་གསུངས་སོ།། ཐམས་ཅད་བལྟ་བས་བཀབ་ནས་སུ།། སྙིང་རྗེའི་མཐུ་ལས་བྱུང་བ་ཡི།། བྱང་ཆུབ་སེམས་ལྡན་ག་ཡང་སྔགས་པས།།
213a5 བདགག་པ་མ་ཡིན་ཏེ།། དབང་པོ་སྤྱོད་ཡུལ་ཡན་པར་བཞག། བལྟས་པས་མ་མཐོད་ཅིང་ཡང་མེད།། དངོས་ཀུན་སྒྱུ་མར་འདྲ་ཤེས་ནས།། མ་མཐོང་མཐོང་བའི་རྣམ་པ་ཅན།། བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས།། དར་སྒྲུབ་ཀུན་དམ་ལྡན་གྱིས་གྲང་།།
213a6 ཇི་བཞིན་པ་ཞེས་མི་རྟོག་ཀྱང་།། རྣམ་པར་སྣང་མཛད་ཀུན་ཏུ་བཟང་།། རྣམ་རྟོག་ཉིད་དུ་ཀུན་འདུས་ཕྱིར།། ཚོང་བའི་སྒོམ་པ་ཅི་ཞིག་ནད།། ཟིན་པས་རྩོལ་བའི་ནང་སྤངས་ཏེ།། ཀུན་གྱིས་གནས་པས་བཞེག་པ་ཡིན།། སྒོམ་པ་རྩོལ་བའི་ནད་ཡིན་ཏེ།
213a7 སེམས་བདེ་བ་རང་ལས་བྱུང་།། སྣང་བ་མེད་པའི་ཆོས་ཉིད་ནི།། བརྒལ་བ་མེད་པའི་བཙལ་བས་འགྲུབ།། གྱི་ནང་གིཡོ་དང་མིག་པོ་ཀུན།། བྱང་ཆུབ་སྙིང་པོ་ཉིད་ཡིན་པས།། བཙལ་བའི་བསམ་པས་དབྱིངས་མི་བགྱོར།། མ་བཙལ་བཞན
iiif viewer powered by OpenSeadragon
212b - 213b