| | e-texts navigator
|
206a1 མེད།། དེ་ནས་སྨོན་པ་དེས་འབྲེལ་ལོ།། རྣམ་པར་ཐར་པ་གསུམ་དང་ལྡན།། ཆགས་མེད་བཞི་ཡི་ལམ་ནས་འདུག། སྟོང་པ་ཉིད་དུ་རྣམ་རིག་ན།། རང་བྱུང་ཡེ་ཤེས་དང་གིས་འཆར།། འབྲས་བུ་ཀུན་ཏུ་འོདས་ཛབ།། ཡོན
206a2 ཏནནམ་མཁའི་མཐའ་དང་མཉམ།། ཆེ་བའི་ཆེ་བ་ཟབ་མོ་ཡིན།། ཡོན་ཏན་ཅིར་ཡང་བསྔགས་པ་མེད།། ཡོན་ཏན་ཆེན་པོའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མོད།། མ་བསམ་མ་སྦྱངས་ཆོས་ཉིད་ལ།། ར་འདོན་ཆེན་པོའི་ནམ་མཁའ
206a3 འབྱུང་།། ཀུན་ཏུ་འོད་ཀྱིས་ཐོབ་ནས།། ཞིང་ཁམས་རྒྱུ་དང་བྲལ་བ་ཡི།། དཀྱིལ་འཁོར་ཐམས་ཅད་འབར་བས་སྣང་།། དཀྱིལ་འཁོར་དེ་དུག་ཐམས་ཅད་ཀྱང་།། རེག་ཅིང་གཟུང་དུ་མེད་པ་ལས།། འངང་ཚོན་ལྟ་བུར་ཀུན་ཏུ་སྦྱང་།། སྣ་ཚོགས་ཡོན་ཏན
206a4 བརྗོད་མེ་ལངས།། མི་ཟད་རྒྱན་གྱི་འཁོར་ལོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འང་བཞིན། ནམ་མཁའི་ཚེ་རྒྱས་པའི་རྒྱུད་ལས། ཐིག་མོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན
206a5 གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ལྟ་བུ་གསུངས་སོ།། ཡེ་ནས་རྣམ་པར་གྲོལ་བའི་ལམ།། ལྷན་གྱིས་གནས་པའི་བདེ་ཞེན་ཏེ།། དགེ་དང་སྡིག་ལས་རྣམ་པར་གྲོལ།། སངས་རྒྱས་བྱང་ཆུབ་སྙིང་པོ་འདི།། ལྷག་མ
206a6 མེད་པས་ཡོངས་སུ་རྫོགས།། འགྱུར་བ་མ་ཡིན་དྲང་པོར་གནས།། དཔག་ཅིང་མཚོན་དུ་མེད་པའི་ཕྱིར།། བྱང་ཆུབ་ཉིད་ལས་བྱང་ཆུབ་མེད།། གང་ལ་བསོད་ནམས་སྡིག་མེད་ན།། དེ་ལ་བྱང་ཆུབ་རབ་ཏུ་གསུངས།། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེའོ།། གཟུགས
206a7 མེད་གཟུགས་སྐུ་འབྱུང་བ་རྨད།། འདི་མ་མཐོང་བར་གཞན་མི་མཐོང་།། སྙིང་པོ་འདི་ལ་མ་ལུས་རྫོགས།། དེ་ཕྱིར་རྫོགས་ཆེན་ཞེས་བྱ་སྟེ།། རང་བྱུང་ཡེ་ཤེས་བཙལ་མེད་པས།། གྲོལ་ནས་གྲོལ་བའི་ལམ་ཡང་མེད།། ཉོན་མོངས་པ་ཉིད་བྱང་ཆུབ
iiif viewer powered by OpenSeadragon
205b - 206b