e-texts navigator
Collection
Volume
Page
Wylie

204a1 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུག་པའི་མཆོག་སྣ་བླན་མྱེད།། མཇུག་ཏུ་གྱུར་བ་བསླབ་ར་། ཡང་དག་མཐོང་བས་རྟགས་བྱར་ནས།། རང་བཞིན་མེད་ལས་ཕྱིར་ཡང་དང་།། རང་ད
204a2 མེད་པའི་དོན་དེ་ནི།། བླན་པ་རྟོན་གའི་སྤྱོད་ཡུལ་མིན།། རང་བཞིན་རང་བཞིན་མེད་མཐོང་ན།། སྒྲིབ་པ་ཀུན་ལས་ངས་གྲོལ་ཏེ།། ཏིང་ངེ་འཛིན་གྱི་བདེ་བ་ལས།། རང་བཞིན་ཀུན་དམ་ལྷན་གྱིས་གྲུབ།། དངོས་པོའི་དབང་གི་འདི་ནས་ན།
204a3 རྩེ་སེམས་དཔས་མ་གསུངས་ཏེ།། སེམས་ཅན་བསམ་པའི་དབང་གིས་ན།། གསང་བ་རྣམ་པ་དུ་མ་གསུངས།། གསང་བ་དབྱིངས་ཀྱི་དབུས་དག་ཏུ།། ཉི་ཟླ་པདྨར་བཅས་པའི་གདན།། བསྐྱེད་དང་རྫོགས་དང་གང་ལྡན་པས།། དཀྱིལ་འཁོར་ཐམས་ཅད་བསྒོམ
204a4 པར་བྱ།། མཚོན་ཆ་རྣམས་ཀྱིས་དྲངས་ནས་ནི།། ས་ཧཱུཾ་འཁྲིལ་བའི་བདེ་བར་གནས།། རིམ་པ་རིམ་པ་མ་ཡིན་པའི།། རིན་ཆེན་སྟེང་དང་འོག་གི་སྒོ།། རབ་བརྟན་པ་ལས་ཨ་དཀར་ཏེ།། ཏིལ་འབྲུ་ཙམ་དུ་བསྒོམ་པར་བྱ།། ཡང་ན་ཡུངས་ཀར་ཙམ་དུ་སྟེ།། མཁས
204a5 པས་ཆོག་བཞིན་དུ་བསྒོམ།། ཡང་དག་ཉིད་དེ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཡང་དག་མ་མཐོང་འཇིག་རྟེན་སེམས།། མི་ཤེས་བླུན་པས་བྱིས་པ་འདྲ།། བྱིས་པ་རྣམས་ལ་བརྗོད་པ་བཤད།། རྣལ་འབྱོར་པ་ལ་གདམས་དག་གོ།།
204a6 ཤེས་རབ་ཐབས་ལ་བརྟེན་ནས་ནི།། དཀྱིལ་འཁོར་ཐམས་ཅད་འགྲུབ་པ་ཡིན།། གསང་བ་དག་ལ་འཇུག་པ་ན།། འདོད་པའི་དགའ་བ་མ་ཡིན་ཏེ།། ཏིང་ངེ་འཛིན་ལས་སྐྱེས་པ་ཡིས།། དགའ་བ་དག་ནི་བླང་བར་བྱ།། དེ་ནི་དགའ་བ་ཆེན་པོ་སྟེ།། ཡང་དག
204a7 བདེ་བ་ཆེན་པོ་ཡིན།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་ནས་འགྲུབ།། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས།། བདེ་བའི་རོལ་མོ་རྣམ་འགྲོ་བ།། འོད་ཟེར་ལྕགས་ཀྱུས་དྲངས་པ་རྣམས།། རིམ་པ་རིམ་པ་མ་ཡིན་པས།། ཏིང་ག




iiif viewer powered by OpenSeadragon

203b - 204b

Texts on this page

Gdg006.30 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor ma yi rgyud