e-texts navigator
Collection
Volume
Page
Wylie

202b1 གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོས། ཉིད་ཀྱི་ཆེ་བ་དབྱུང་བར་བཞེད་ནས། སྐུ་དང་པ་ཤེས་ཀྱི་བདག་ཉིད་འདི་ལྟ་བུ་གསུངས་སོ།། ཀུན་ལ་ཁྱབ་པ་རང་བཞིན་ན།། ས
202b2 རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།། མངོན་སུམ་མི་གནས་ཀུན་ཏུ་ཁྱབ།། ཀུན་ཏུ་འོད་དེ་འདུས་མ་བྱས།། རྟག་པ་ཉིད་དེ་རྡོ་རྗེའི་སྐུ།། ཀཱ་ཡ་དག་པའི་སྐུ་མཆོག་དེ།། ཆོས་ཉིད་སྐུ་ཞེས་བཤད་པ་ཡིན།། དེ་རྟོགས་གསལ་བར་བཤད་པ་ནི།། རང་བྱུང་ཡེ་ཤེས
202b3 ཆེན་པོ་སྟེ།། ཀུན་གཞི་ལ་སོགས་གྱུར་པ་ལས།། ཐབས་ཀྱི་རིམ་པ་བྱུང་བ་ནི།། པདྨ་སྨན་ཏེ་འདུས་བྱས་སོ།། མི་རྟོག་མངོན་བྱང་ཆུབ་པའི་སྲ།། གཾ་ཎ་བསགས་པའི་སྐུ་མཆོག་སྟེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་པས།། སྐད་ཅིག་གཅིག་མངོན་རྫོགས་བྱ
202b4 ཆུབ།། གཉིས་སུ་མེད་པ་ཆོས་ཀྱི་སྒོའོ།། བྱིན་གྱིས་རླབས་ལས་བྱུང་བ་ཡི།། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི།། ཀུན་རྫོའི་དོན་དུ་སེམས་བསྐྱེད་ནས།། སྣང་བ་མི་འགོག་པ་ཡི་ཐབས།། སྔགས་དང་ཕྱག་རྒྱ་རབ་བསྟན་པས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ
202b5 པ།། འཛེས་སྤྱོ་རྟན་ཟིལ་བརྫུན། མན་ས་།། མ་ཐ~ཾ་ད་བ་བྱད་ལྡན་པར་གནས།། སྦྱིན་གྱིས་རྟག་པའི་སོད་ནམས་རྦ།། ཡེ་ཤེས་རྣམ་དག་ཡང་དག་ལྡམ།། མགྲིན་པ་བདག་ཉིད་ཅན་ས་ནི།
202b6 མོ་བསྐོར་བ་ན།། ལྗགས་ཀྱི་དབང་པོ་བཀྲམ་ནས་ནི།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད།། རིག་པའི་སྐྱེས་བུ་ཆེན་པོ་ལ།། སྨོན་ལམ་ལས་ནི་རྟེན་འབྲེལ་པས།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། སྤྲུལ་པའི་སྒྲ་ནི་སྣང་བར་བྱེད།། ཡེ་ཤེས་རྣམས་དང་།
202b7 ཡང་དག་ལྡན།། མི་རྟག་ཉིད་དེ་འདུས་བྱས་པས།། བལྟམས་ནས་མྱ་ངན་འདའ་བར་སྟོན།། ལོག་པར་རྟོག་པ་ཐམས་ཅད་ལ།། ཐུགས་རྗེའི་ཞིང་དུ་འབྲེལ་པས་ན།། སྐུ་གསུང་ཐུགས་ཀྱི་རིམ་པས་ནི།། འགྲོ་བའི་རྒྱུད་རྣམས་སྨིན་པར་མཛད།།




iiif viewer powered by OpenSeadragon

202a - 203a

Texts on this page

Gdg006.30 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor ma yi rgyud