| | e-texts navigator
|
202a1 བད་པར་གཤེགས་དྲང་དྲ།། གཞན་ནས་བཙལ་བས་རྙེད་པ་མིན།། ཡང་དག་ཉིད་དུ་གང་བལྟ་བས།། ཡང་དག་མཐོང་བར་མི་ནུས་ཏེ།། འགའ་ཡང་མཐང་བ་མེད་པ་ནི།། ད་ཉིད་མཛང་བརྒྱན་བཱཿ།། མྱ་ངན་འདས་དང་སངས་རྒྱས་པ།། གང་གིས
202a2 མཐོང་བར་མི་ནུས་ཏེ།། པཛྲ་སྟན་གྱི་ཡེ་ཤེས་གྱིས།། སྐད་ཅིག་གཅིག་ལ་མངོན་བྱང་ཆུབ།། རང་བཞིན་གཅིག་གི་བདག་ཉིད་ལ།། རྣམ་པ་ཐ་དད་དུ་མར་སྣང་།། མིག་པར་བརྟགས་པའི་བདག་ཉིད་པས།། འགྲོ་བ་འཁྲུལ་པ་རྒྱང་ཆུད་འདྲ།།
202a3 རྟོག་མེད་པའི་སེམས་ལ་ནི།། འབྱུང་བ་ལ་སོགས་བཅོམ་ལྡན་འདས།། གྲུབ་པར་གནས་པས་བཅོམ་ལྡན་འདས།། འགྲོ་བ་ཀུན་ལ་རང་བཞིན་གནས།། སངས་རྒྱས་ཀུན་དྷི་ཎྜི་པས།། འགྲོ་བ་རང་བྱུང་གཞན་ལས་མིན།། དེབྱས་སེམས་ཅན
202a4 ཐམས་ཅད་ནི།། སངས་རྒྱས་སྐྱེང་པོ་ཅན་རྣམས་ལས།། མ་རིག་རྟོག་པའི་ཐ་རྒྱས་ཀྱིས།། སྡུག་བསྔལ་སྟེ་ཚོགས་མྱོང་བར་གྱུར།། སེམས་ཅན་ཀུན་གྱི་རང་བཞིན་ནི།། ཆོས་ཀྱི་དབྱིངས་ཀྱི་བྷག་ཏེ།། སྲིན་ལ་ཁྱབ་པའི་ནམ་མཁའ་འོ།། དེ་མ་མཐོང
202a5 ནཱི།། གང་ནས་བཙལ་སྣང་མི་རྙེད་དེ།། རང་རིག་སྒྲིབ་མེད་དག་པ་ཡིན།། དངོས་པོ་འདི་དག་སྐྱེ་མེད་དེ།། ཡང་དག་མ་ཡིན་ཀུན་བརྟགས་ཡིན།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་།། དེ་ཉིད་ལོག་པའི་ངོ་བོ་ལས།། ཁྱད་པར་འགའ་ཡང་ཡོད་པ
202a6 མིན།། དེ་བཞིན་ཉིད་ནི་ཆགས་མེད་དེ།། མ་གྱིས་མི་འགགས་མི་དམིགས་ཤིང་།། མི་རྟོག་པདེ་དང་ལྡན་པ་ན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེ
iiif viewer powered by OpenSeadragon
201b - 202b