| | e-texts navigator
|
200b1 ལས། གླང་གཞིའི་ལེའུ་སྟེ་དང་བའོ།། ། དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ་དེས། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེའི་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་ནང་དུ་ཞལ་འཛུམ་པར་མཛད་ནས་མི་སྡང
200b2 བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང
200b3 ཐུགས་ཀྱི་བདག་པོ་མཆོག། ཐབས་མཁས་ཐུགས་རྗེས་གཟུང་སྤྱད་དུ།། སྐུ་ཡི་དབྱིག་ཏུ་བདག་སྦྱོར་ཅིག། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། ཀུན་ཏུ་བཟང་པོའི་གཟུགས་སུ་བྱུང་ནས། ཞལ་གསུམ་ཕྱག
200b4 པས་ཡང་དག་པར་མཆོད་དེ། ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདག་ཅག་རྣམས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད་དེ། མཚན་མ་མེད་པའི་ཆོས
200b5 ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བརྗོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡང་མཉེས་པས་ཁྱབ་པར་གྱུར་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཏོ་ཙྪེ་འདི་རྟོགས་དཀའ་བས། དེ་དག་གི་ཐབས་ཞྭ་འདང
200b6 ལེགས་སོ་ལེགས་སོ་བྱང་ཆུབ་ཆེ།། ལེགས་སོ་ལེགས་སོ་གུས་པར་ཉོན།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་དགའ་བའི་སྤྱན་བྱས་པས་ཡང་ནས་ཡང་དུ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏེ།། ཨོཾ་མ་ཧོ་སངས་རྒྱས་ཀྱི
iiif viewer powered by OpenSeadragon
200a - 201a