e-texts navigator
Collection
Volume
Page
Wylie

199b1 དབྱུང་།། ངས་ན་གནས་པའི་དོམ་ལྡནན།། བདེ་ལྡན་རིག་པ་སངས་རྒྱས་ལ།། རྟོག་པའི་རྣམ་པ་ཀུན་མེད་པས།། གང་ཞག་འབྲས་བུར་ལྟར་འདད།། སྟོ་མདོན་པ་ཡིན་པསམ་དཔནརྣམས་ཅད་དག་པ་།། རྣམ་གས
199b2 བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། རིག་པ་རྒྱ་ཛྙཱན་གྱིས་མ་བསྐྱེད་པའི་ལེའུ་སྟེ་བཅུ་པའོ།། ། བྱང་ཆུབ་ཀྱི་སེམས་རིན་ཚོན་འཁོར་ལོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། #
199b3 རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྟུལ་འབྱོར་མ་ཡི་གྱུར། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཅིར། སྒྲ་གས
199b4 ཐུགས་ཀྱི་རང་བཞིན། བདེ་བའི་མཆོག། བཙུན་མོ་དམ་པ་དེ་པའི་མཆོག་གི་པདྨ་ལ་རྣམ་པར་བཞུགས་སོ།། དེ་ཡི་བྱིན་གྱིས་རླབས་ལས་བྱུང་བ། ལོངས་སྤྱོད་རྫོགས་པར་མཛད་པའི་ལོངས་སྤྱོད་ཆེན་པོ། བཙུན་མོ་དམ་པའི་བདྨ་གཞལ་ལས་ཁང་བརྩིགས
199b5 པ། དབྱིབས་དང་ཚད་དཔག་ཏུ་མེད་པ། རྡོ་རྗེ་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། རྡོ་རྗེ་དཀོན་མཆོག་དཔལ་དང་། རྡོ་རྗེ་ཚེ་མཐའ་ཡས་དང་། རྡོ་རྗེ་གྲུབ་པ་གདོན་མི་ཟ་བ་དང་། བཙུན་མོ་དམ་པ་ཡངས་པའི་སྤྱན་དང་། མི་བསྐྱོད་མ་དང་། དེ་ན
199b6 རིན་ཆེན་དཔལ་མ་དང་། ཚེ་དཔག་མེད་མ་དང་། གྲུབ་མ་གདོན་མི་ཟ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། བྱམས་པ་དང་། འཇམ་པའི
199b7 དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། བཙུན་མོ་དམ་པ་སྒེག་མོ་དང་། ཕྲེང་ཐ་མ་དང་། དབྱངས་མ་དང་། གང་བྱེད་མ་དང་། འདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། དམ་པའི




iiif viewer powered by OpenSeadragon

199a - 200a

Texts on this page

Gdg006.29 - byang chub kyi sems rin chen 'khor lo zhes bya ba'i rgyud
Gdg006.30 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor ma yi rgyud