| | e-texts navigator
|
199a1 རང་གསལ་རྗེས་སུ་རང་བཞག་ན།། ཡེ་ཤེས་རྫོགས་པ་རྗེས་སུ་དཔག། རང་རིག་རྫོགས་པ་ཉིད་ན་གསལ།། ཡེ་གསལ་རིག་པའི་འཁོར་ལ་ལ།། འདོད་པའི་བློ་ཡིས་གང་རྩོལ་བ།། རང་འདོད་ཐེག་པའི་ཁྱད་པར་ནི།
199a2 གསང་བའི་དོན་ལ་མ་ལུས་སྟོང་།། འདོད་པའི་སྟོབས་ཀྱིས་ཕོངས་ནས་རྩོལ།། རང་གསལ་འཁོར་ལོའི་དོན་དང་འགལ།། འདོད་རྒྱུས་གསལ་བའི་ཡེ་ཤེས་ཀྱང་།། རྩོལ་བ་ཉིད་ལས་འདའ་བ་མེད།། རྫོགས་པའི་ཡེ་ཤེས་བདེ་ཆེན་ནི།། རང་བཞིན
199a3 ནའི་མ་ད།། རྣམ་དག་ང་བྱུང་འདགས་ལམ།། ཎྜ་སྒྲུབ་པ་དུགས་མེད།། འ་ག་ཅེས་།། རང་ན་དང་ན་ཟུང་ན་ན།། ཊ་ཆེ་པ་གྲུམས་། རིདགས་ལ་རིག་པའི་ནི་དང།
199a4 པའི་རྟོག་པའི་རང་བཞིན་གཅིག། གང་ལ་སྲང་བྱ་མ་ཡིན་ཏེ།། གང་གི་རྣམ་པ་དེ་གང་བཞིན།། དེ་བཞིན་འགྱུར་བ་དེ་ཉིད་མེད།། སེམས་ནི་ཇི་བཞིན་མཉམ་པ་ཉིད།། སངས་རྒྱས་ཐུགས་ཀྱི་རྣལ་འབྱོར་རོ།། ཡང་དག་ལམ་ལ་ཡི་གེ་མེ་དེ།། སྙིང་པོ་ཉིད
199a5 དུ་བདུག་འཇུག་བྱས།། ནུབ་པ་མེད་ཅིང་གྲང་བ་མེད།། རེག་པའི་ཐུགས་ལ་གསལ་བས་གསུང་།། བྱང་ཆུབ་སེམས་ཀྱི་མ་ནས་ནི།། རྣམ་ཤེས་དམིགས་པའི་ཐལ་ལས་འདས།། རེག་པ་གས་ལ་གཟུང་འཛིན་མེད།། བྱང་ཆུབ་སྟིང་བར་བཞུགས
199a6 པའི་ཚེ།། ངོ་བོ་ཉིད་ནི་དམིགས་སུ་མེད།། ཡེ་ཤེས་ཀུན་བཟང་རྣམ་པར་དག། འབར་བའི་ཏིང་འཛིན་ངོ་མཚར་ཆེ།། རང་གསལ་རིག་པ་ཅིར་མི་དགོངས།། བདེ་གཤེགས་འཁོར་མཛ་བ་ནི།། མི་འཇོམས་པ་ཡི་རྡོ་རྗེ་འཆང་།། ཀུན་བྱུང་རིན་ཆེན
iiif viewer powered by OpenSeadragon
198b - 199b