e-texts navigator
Collection
Volume
Page
Wylie

198b1 དཀྱིལ་འཁོར་བལྟ།། གཟུང་འཛིན་དང་བྲལ་དྲི་མ་མེད།། ཡེ་ཤེས་བྱ་མཐུན་ཏུ་བཟང་།། རང་བྱུང་བྱ་མངས་བཟུང་མེད།། རྣམ་དག་རང་བྱུང་དཀྱིལ་འཁོར་གསུམ།། མ་སྐྱེས་ལྷུན་ཐབ་ཐབ་མེད།། དོན་ལ་གང་འདུག་སྦྱོར་ལྡན་རྣམས།། ཡི་ག་བར
198b2 མེད་གཉིས་མེད་གསལ།། སྒྱུ་མ་བྱ་བྲལ་རིག་པས་རྟོགས།། རང་སྣང་རིག་པའི་འོད་ལ་བཞུགས།། བསམ་མེད་རང་བཞགས་ལེ་བ།། ཅི་ཡང་མ་ཡིན་གྱི་ན་བ།། རང་གསལ་ཡེ་ཤེས་ཉི་མའི་འོད།། ཀུན་བཟང་རྒྱལ་བའི་ཐུགས་དམ་མོ།། ཞེས་གསུངས
198b3 སོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། སྣང་མེད་རང་སྣང་བདེ་ཆེན་ལ།། བརྟགས་པའི་སྣང་བས་གཉིས་སུ་མཐོང་།། རང་བཞིན་རྣམ་དག་གསེར་བཞིན་ཡང་།། ཐོག་མེད་དུས་ནས་དོན་མ་མཐོང་།། དུས་འདིར་སྒོར་འདུག་གང་དག་ནི།། གས
198b4 པའི་དྲོན་ལ་ཆོས་པས་འདྲུག། གསལ་བྱེད་རིན་ཆེན་སྒྲོན་མ་གང་།། འཛིན་པའི་དྲིམ་གང་གིས་དག། བདེ་ཆེན་གསང་བ་གང་གིས་མཉེས།། ཞེས་ནུས་སོ།། དེ་ནས་རིག་པའི་རྒྱལ་བྱས་བཀའ་སྩལ་པ།། གས་མགྱིས་མི་ཁྱབ་དུས་གང་ལ།།
198b5 ལྡན་རིག་པའི་ལྡེ་མིག་གིས།། རིན་ཆེན་སེམས་ཉིད་ཁོང་དུ་ཆུད།། ལྡང་བའི་སྣང་བ་ཅི་འགྱུར་ཡང་།། ཡིད་ལ་མི་བྱེད་རང་བཞག་ན།། འཛིན་པའི་དྲི་མ་རྣམ་པར་དག། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། དཀྱིལ་འཚར
198b6 གསང་བའི་ལེའུ་སྟེ་དགུ་པའོ།། ། དེ་ནས་རིག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཉིད་གསང་བསྔགས་ཀྱི་ལྷ།། རང་བཞིན་དག་པས་སྦྱང་མི་དགོས།། ལྡན་པ་དེ་ཉིད་ཙམ་དུ་ཟད།། རང་རིག
198b7 རྫོགས་པའི་ཡེ་ཤེས་ལ།། ངོ་བོར་གྲུབ་པ་གང་ཡང་མེད།། རྟོག་པའི་མཐུ་ཡིས་ཅིར་ཡང་མཛང།། མེ་ལོང་དག་པའི་གཟུགས་བརྙན་ལྟར།། ཡེ་ཤེས་གསང་བའི་གདམས་པ་ཡིས།། རིག་པའི་ཡེ་ཤེས་ཀུན་ཏུ་བཟང་།། ཡི་གེ་མེད་པའི་དོན་དུ་མཛ།




iiif viewer powered by OpenSeadragon

198a - 199a

Texts on this page

Gdg006.29 - byang chub kyi sems rin chen 'khor lo zhes bya ba'i rgyud