e-texts navigator
Collection
Volume
Page
Wylie

194b1 ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རིག་པའི་རྒྱལ་བས་སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ། རང་བྱུང་རྫོགས་པ་ལྟ་བའི་སློང་།། མཉམ་ཉིད་ཡེ་ཤེས་རིག་པའི་སེམས།། སྣང་བ་ཡེ་ཤེས་རྫོགས་པ་ཉིད།། ནམ་མཁའ
194b2 ལྟ་བའི་མཆོག། བལྟ་མེད་རང་བྱུང་སེམས་ལ་བལྟ།། རྩོལ་མེད་རིག་པའི་རྣལ་འབྱོར་ཡིན།། འཇུག་པ་གཉིས་མེད་རིག་པའི་ཀློང་།། ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད།། རང་གསལ་ཡུལ་ལ་མི་རྟོག་པས།། ཡེ་ཤེས་ཚིག་ལེ་ཉི་མ་ཤང་།། སྣང་མེད་པ
194b3 འགགས་ཅིར་མི་དགོངས།། སྤང་བ་རིག་པའི་ཐིག་ལེར་བསྡུས།། སྡུག་བསྔལ་བདེ་བའི་ངང་དྲག་ནས།། རེ་འདོད་ཀུན་བྲལ་ཐོབ་སྤང་མེད།། རང་བྱུང་བདེ་བའི་སེམས་ཉིད་ལ།། སྣང་བ་ཉིད་དུ་གྲུབ་པ་མེད།། འདི་ཆེན་རིག་པ་མཛེ་ལྟར་ཟབ།། ཡེ་ཤེས
194b4 རིག་པ་མཁའ་ལྟར་མཉམ།། དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རིག་པའི་རྒྱལ་པོས་རང་བཞིན་བསྟན་པའི་དོན་དུ
194b5 པ།། རིག་པའི་སེམས་ལྗིད་འདུ་མེད་ལ།། ཏཱིང་འཛིན་མི་གཡོ་འཁྲུག་པ་མེད།། རྩོལ་མེད་རིག་པ་བསམ་དང་བྲལ།། ཡེ་ཤེས་རྫོགས་པའི་འཁོར་ལོ་ལ།། ཐིག་ལེ་འདྲེ་ཆེན་བསམཱ་མི་ཁྱབ།། རོལ་པ་བདེ་ཆེན་རྒྱུ་རླབས་ལྟར།། ཡེ་ཤོསཱའི་བཞིན་མོ
194b6 བསྐྱོད་པ།། ལེ་ནས་ཡིན་ཕྱིར་མི་མེ་དགོས།། ཡེ་ཤེས་གསལ་བའི་ཕྱག་རྒྱ་ཡིས།། མཚན་མ་ཡེ་ཞེས་འཁོར་ལོ་བཀོར།། འཛིན་པའི་རང་བཞིན་ཀུན་དང་བྲལ།། རང་བྱུང་སྙིང་པོག་ཡོ་མེད་ན།། དབང་བསྒྱུར་རྒྱལ་བའི་ཐུགས་དང་མཉམ།། ཏིཔ་ན
194b7 བཞག་མཁའ་དང་མཉམ།། མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ།། རྩོལ་ཐལ་རིག་པའི་ཡེ་ཤེས་ལ།། ཡེངས་པ་མེད་པར་རང་བཞིན་བཞག། དབང་པོ་རོ་ལ་སྣང་བ་ལ།། མི་རྟོག་རང་བཞིན་རིག་པ་གསལ།། ཡེ་ཤེས་ཀུན་བཟང་འགྲོ་འདུ་མེད།




iiif viewer powered by OpenSeadragon

194a - 195a

Texts on this page

Gdg006.29 - byang chub kyi sems rin chen 'khor lo zhes bya ba'i rgyud