| | e-texts navigator
|
193b1 ཡཾ་ཤས་དབུ་མ་མཐའ་ཐལ་ལ།། མཐོད་པའི་མམ་མང་མ་སངས་རྒྱས། ས་པ་ཀུན་ཐལ་ཆོམ་ཉིད་ལྔ།། རང་གས་པ་འང་ལ་གང་གནས་ལ།། རིམ་པར་མ་ཡིན་མོ་དགངས།། ཡེ་ཤས་ཀུན་བཅང་ལམ་ཆེན་ལ། རྨ་ས་རླབས་ཀྱིས་གང་འདུན་པ
193b2 སྦྱོར་ལྡན་ཀུན་གྱི་ལམ་དང་བྲལ།། བཙལ་མེད་རང་བྱུང་བདེ་ཆེན་ནི།། འདོད་པའི་རྩོལ་བ་གང་འཕགས་པའི།། རིམ་འདུག་རྒྱ་འབྲས་མ་ལུས་སྟོང་།། ཀུན་བཟང་རང་རིག་འོད་གསལ་ལ།། འདོད་པའི་སྦྱོར་བ་གང་འདུག་ན།། ཕྱོགས་བྲལ་རང་བྱུང་དོན་དང་བྲལ།།
193b3 རྩ་བ་རྣམ་དག་མཁའ་ལྟར་ཁྱབ།། རྣམ་རྟོག་འཛིན་པའི་སྤྱོད་ཡུལ་མིན།། བགྲོད་མེད་སྟོང་པའི་ཐིག་ལེ་ནི།། རྣམ་པ་དང་མེད་གསང་བའི་སེམས།། བཏགས་པ་སྣ་ཚོགས་ཇོ་བོ་ལ།། མི་གཡོ་རང་བཞིན་དཀྱིལ་འཁོར་ནས།། ཡེ་ཤེས་ཉི་མ་ཀུན་མཐོང་ཡང་།།
193b4 ཤིན་ཏུ་སྦྱོར་ལྡན་རྣལ་འབྱོར་ལ།། བཏགས་པའི་སྣང་བ་མཐོང་བ་མེད།། བསམ་གྱིས་མི་ཁྱབ་གང་དུས་ན།། འོད་གསལ་ཡེ་ཤེས་དོན་སྣང་ཡང་།། གང་མཐོང་སྣ་ཚོགས་སེམས་དང་བྲལ།། རང་བྱུང་དག་པའི་དཀྱིལ་འཁོར་ལ།། རང་གཞག་རིག
193b5 པ་ཀུན་རྟོགས་ཀྱང་།། སྦྱོར་འདོད་སྣ་ཚོགས་མཐོང་བ་མེད།། གསང་བའི་འཁོར་ལོ་རྫོགས་པ་འདི།། རྒྱུ་རྐྱེན་མཐར་འགྱུར་རང་གནས་པ།། དྲི་མེད་སྙིང་པོ་རང་གསལ་བས།། རྒྱུ་རྐྱེན་འདོད་པའི་ངོ་བོས་སྟོང་།། གང་ཞིག་རྒྱུ་འབྲས་ངོ་བོ་ཉིད།། དཔེར་ནི་རི་བོང
193b6 རྭ་བཞིན་ནོ།། རྒྱུ་མེད་རྒྱས་བསྐྱེད་དེ་དང་འདྲ།། རང་གནས་ཡེ་ཤེས་གདོད་ནས་གྲུབ།། གང་དག་པ་ཡི་འཁོར་ལོ་ལ།། སྦྱོར་འདོད་རྒྱས་རྩོལ་གང་ཞིག་ན།། མཐུན་པ་ཉིད་ན་མི་མཐུན་པ།། ཐུག་པ་མེད་དེ་གང་ལ་འཐད།། ཁྱད་མེད་པདྨའི་རང་བཞིན་དག།
193b7 འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་།། འདུལ་མཛད་ཏིང་འཛིན་འབུམ་ཕྲག་ལས།། བསམ་བྲལ་ཏིང་འཛིན་འོད་གསལ་སེམས།། ཐབས་འདུག་གྲུབ་པ་མ་ལུས་ཡིན།། མི་གཡོ་ཐིག་ལེ་བྱང་ཆུབ་སེམས།། ཡོངས་སུ་སྟོན་པའི་ངོ་བོ་ཉིད།། རང་རིག
iiif viewer powered by OpenSeadragon
193a - 194a