e-texts navigator
Collection
Volume
Page
Wylie

192b1 གཟའ་གཏད་མེད།། རིན་ཆེན་འཁོར་ལོ་ཀུན་བཟང་འདིས།། རང་སེམས་གཉིས་མེད་རྟོགས་པར་གྱིས།། བཏང་སྙོམས་ལྟ་བ་བླང་དོར་མེད།། ཁྱུད་ཆན་མཁའ་ལ་ལྡིང་བ་བཞིན།། སྒོ་བསྒྲ་གཉིས་མེད་བཏང་བཞག་བྲལ།། རང་བཞིན་གནས་པས་རདོགས་བྲལ།།
192b2 སྤྱོད་ཡུལ་མ་ལུས་སེམས་སུ་ཤེས།། སྣ་ཚོགས་འཁོར་བའི་རང་བཞིན་དང་།། ཡེ་ནས་རང་བཞིན་གཉིས་སུ་མེད།། གཉིས་ལས་གཞན་སེམས་གྲུབ་པ་མེད།། རིག་པ་ཅི་ཡང་མ་ཡིན་པས།། འདོད་པའི་སེམས་པ་ཀུན་དང་བྲལ།། ཤེས་པ་མཐའ་བྲལ་སྟོ
192b3 པ་ཉིད།། ཡེ་ཤེས་འོད་གས་ལ་རང་གནས་པ།། ཡིད་ལ་འཛིན་མེད་ལ་ཞེས་གསལ།། རོལ་པ་སྣང་ཡང་ཐུག་པ་མེད།། སྒྱུ་མའི་ཡེ་ཤེས་རྩལ་དུ་འགྲོ།། མ་བཅོས་སྣམ་ལྷན་ཐུབ་ལ།། འཛིན་པའི་སེམས་དང་ངོས་གཟུང་མེད།། ཡེ་ཞེས་རྒྱལ་བ་རྣམ་པར་དག
192b4 འཛིན་པའི་སེམས་ཐལ་རིག་པནས་ལ།། སེམས་ཉིད་རྣམ་མཁའི་ལྟན་འོ།། རྣམ་མཁའ་ལྟ་ཟུར་བས་མ་དུ་མེད།། ནམ་མཁའ་བས་མདུ་མེད་པ་བཞིན།། ཡཾ་ཤེས་བྱས་མ་དུ་མེད་པའང་ཡིན།། ཅིར་ཡང་མི་ཛཱ་ག་ངས་རང་བཞག་པ།། དུས་གསུམ་རྒྱལ
192b5 པའི་ལྟ་བ་ཡིན།། ལྟ་མེད་རང་གཞག་བལྟ་བ་ནི།། དུས་གསུམ་གང་ཡང་མ་ཡིན་ཏེ།། འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན།། འདོད་པའི་བྱ་བ་གང་ཡང་མིན།། ངོ་བོ་ཉིད་ལ་ཡང་ས་དོག་མེད།། སེམས་ཉིད་དྲི་མ་ཀ་དག་ལ།། འགྱུར་མེད་རིན
192b6 ཆེན་གསེར་བཞིན་ནོ།། འཛིན་པའི་རླུང་གིས་གཡོས་གྱུར་ཀྱང་།། རིག་པའི་ངོ་བོ་འགྱུར་བ་མེད།། རྒྱ་མཚོ་ཆེན་པོའི་སྣང་བ་བཞིན།། གྱི་ནང་མི་མངའ་ཡེ་ཤེས་གསལ།། མཐའ་དབུས་མི་མངའ་ཕྱོགས་དང་བྲལ།། ཡེ་ཤེས་སེམས་ཉིད་ལྟ་བ་ལ།།
192b7 རྒྱུ་དང་རྐྱེན་གྱིས་རྩོལ་བ་མེད།། རྡོ་རྗེ་ཉིད་འདྲ་འཇིག་པ་མེད།། ཉི་མ་རིན་ཆེན་འབར་བ་ལྟར།། རང་གསལ་རྣམ་པར་རྟོག་དང་བྲལ།། འཁོར་བ་ཉིད་ནས་ཡེ་སངས་རྒྱས།། རང་སེམས་རིག་པ་གང་ཡང་རུང་།། བསམ་པ་དང་བྲལ་ཡེ་ཤེས་ཉིད།། ཆོས་དང




iiif viewer powered by OpenSeadragon

192a - 193a

Texts on this page

Gdg006.29 - byang chub kyi sems rin chen 'khor lo zhes bya ba'i rgyud