e-texts navigator
Collection
Volume
Page
Wylie

192a1 ཉིད།། ཐ་དད་ཡོད་པ་མ་ཡིན་ཏེ།། ཡེ་ཤེས་རྫོགས་པའི་རང་བཞིན་ནི།། ཀུན་སྤངས་ཀུན་གྱི་དངོས་གཞི་ནན།། འཛིན་པ་དུ་མ་འི་རྟོག་པ་འདི།། བྱང་ཆུབ་སེམས་སུ་བརྗོད་པ་ཡིན།། བརྗོད་མེད་སེམས་ཀྱི་རང་བཞན་ལ།། མ་བརྗོད།
192a2 གོ་བར་མི་འགྱུར་བས།། བརྗོད་མེད་དོན་གྱིས་མཚོན་པར་བྱ།། ཀུན་བཟང་སེམས་ཀྱི་རྣམ་དག་ལ།། མཚོན་བྱ་མཚོན་བྱེད་གང་ཡང་མེད།། བཙལ་མེད་རང་བཞིན་ཉིད་ཀྱིས་མཚོན།། ཐ་མལ་སྣང་བའི་ཤེས་པ་དང་།། བཀའ་ཡི་ཤེས་པས་དྲན་བྱས་ཏེ།། གཏོང་འཛིན
192a3 ད་པའི་ངང་ལ་བཞག། ཡིད་ལ་མི་བྱེད་བྱ་བ་བཏང་།། བློ་ཡིས་མ་དཔྱད་རང་བཞིན་གསལ།། འཛིན་པའི་རྒྱུ་འབྲས་གང་ཡང་མིན།། འབྲས་བུ་ཉིད་ཀྱིས་འབྲས་བུ་གྲུབ།། རེ་འདོད་རྩོལ་བས་མཐའ་དུ་འགྱུར།། འཛིན་མེད་རང་བཞིན་སྨན་ཆེན་གྱིས།། འཁོར་བའི
192a4 གཅོད་རྙིང་ཀུན་དང་བྲལ།། རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད།། རང་གནས་ཡེ་ཤེས་ཡེ་ནས་དག། རིན་ཆེན་དག་པའི་གླིང་བཞིན་དུ།། སེམས་ཀྱི་ཡེ་ཤེས་ཡེ་ནས་དག། རིམ་མེད་སེམས་ཀྱི་རང་བཞིན་ལ།། བགྲོད་པའི་ལམ་གྱིས་ཐོབ་པ་མེད།། རྣམ་གྲོལ
192a5 འབྲས་བུ་རང་བྱུང་ཉིད།། བགྲོད་མེད་རྣམ་གྲོལ་རྫོགས་པའི་ལམ།། འདོད་དང་རྩོལ་མེད་ལྷུན་གྱིས་གྲུབ།། ཡེ་ཤེས་ཉི་མའི་སྙིང་པོར་ཤར།། མ་ལུས་གཟུང་འཛིན་མི་གཡོ་བ།། ཆུ་དང་འབྲས་བུར་རྟོག་འཛིན་ཅིང་།། ཡེ་ཤེས་སྒྱུ་མའི་འཛིན་པས་བཅིངས།།
192a6 སེམས་ཉིད་མཁའ་འདྲ་ལྟ་བའི་ཀློང་།། ཡེ་ཤེས་ཡངས་པ་བརྡལ་བ་ཆེ།། བླང་དོར་གཉིས་མེད་རྩོལ་དང་བྲལ།། བྱང་ཆུབ་སེམས་ཀྱི་ལྟ་ཟག་བཅད།། ཏིང་འཛིན་ཞི་བས་ཉམས་སུ་བླངས།། བྱང་ཆུབ་སེམས་ཀྱི་ལྟ་བ་ནི།། གང་ལྟར་ཅི་ཡང་མ་ཡིན
192a7 པས།། རང་བྱུང་ཡེ་ཤེས་མཚན་ཉིད་གསལ།། མི་བསམ་གྱི་ནང་བཞག་པའོ།། བསམ་གྱིས་མེ་ཁྱབ་ཡེ་ཤེས་མཐོང་།། རང་བྱུང་རྫོགས་པའི་ལྟ་བ་ནི།། མཐའ་གསུམ་བྲལ་ལ་ཡེ་སངས་རྒྱས།། རྩོལ་བྲལ་དབུ་མ་དྲང་པོའི་ལམ།། འཆིང་བྲལ་ལྟ་བ




iiif viewer powered by OpenSeadragon

191b - 192b

Texts on this page

Gdg006.29 - byang chub kyi sems rin chen 'khor lo zhes bya ba'i rgyud