e-texts navigator
Collection
Volume
Page
Wylie

186b1 པག་གས་ཀྱ་། ག་ས་པདམ་ནས་ཐམས་དཔ་འངམ་ནན་དུནསེམམས་དག་སུ
186b2 རང་བྱུང་ཡེ་ཤེས་ཉིད།། བཙལ་བས་རྙེད་པར་མི་འགྱུར་ཏེ།། མ་བཙལ་བ་ན་ཡེ་ཤེས་ཉིད།། སེམས་མི་ཤེས་ལ་རྟག་ཏུ་གནས།། ཐམས་ཅད་མ་ལུས་ཆོས་སོ་ཅོག། རང་བྱུང་ཡེ་ཤེས་ཉིད་ལས་མེད།། ཡེ་ཤེས་དེ་ལས་གཞན་པའི་ཆོས།།
186b3 ཡེ་ཤེས་ཉིད་ཀྱིས་མི་རྙེད་དོ།། གལ་ཏེ་མཐོང་ཆོས་སྣ་ཚོགས་པ།། རྟོག་པའི་རྒྱུན་གྱིས་མཐོང་བར་ཟད།། ཅི་སྟེ་མཐོང་བ་བདེན་གྱུར་ན།། སངས་རྒྱས་རྒྱུན་འབྱུང་འབྱུང་མི་སྲིད།། ཁམས་གསུམ་ཡེ་སངས་རྒྱས་པ་ལ།། སྟོང
186b4 པས་སྟོང་པའི་སྦྱིན་པ་གཏོང་།། ཡེ་ཤེས་ཆེན་པོའི་སྦྱིན་པ་གཏོང་།། ཡེ་ཤེས་ཆེན་པོའི་ཐིག་ལེ་ལ།། ཆོས་ཀྱི་དབྱིངས་ཀྱིས་བརྒྱན་པ་ཡིན།། འདུད་བྱེད་མེད་པའི་དཀྱིལ་འཁོར་ནི།། ཤིན་ཏུ་ཡེ་ཤེས་རྔམ་པའི་ཞལ།། མི་རྟོག་པ་ལས
186b5 བྱུང་བའི་གསུང་།། གསུང་གི་འབྲུག་ནི་ཀཱན་དྷ་གྲགས།། བལྟས་པས་སྲེག་པ་རྡོ་རྗེའི་སྤྱན།། ཡེ་ཤེས་ཆེན་པོ་སྤྱན་གདངས་པས།། གསང་བ་རྒྱ་མཚོའི་རྡོ་རྗེའི་བྷ།། མདངས་ལྡན་མ་ཡིས་སྤྱན་ཁེངས་པ།། དྲང་ངོ་མཚུགས
186b6 རྗེའིས།། ཡེ་ཤེས་སྤྱན་དེ་བཙུན།། ཕྱོ་ག་ཟོང་ཚོགས་འོད་ཟེར་ཚུལ།། གསང་བ་མཆོག་གི་རོལ་མོ་ཡིས།། ཟག་མེད་ཡེ་ཤེས་ཚམས་གྱུར་བ།། ཐམས་ཅད་བྱང་ཆུབ་སྙིང་པོའི་སྒྲ།། ཀུན་ཏུ་བཟང་པོ་རྡོ་རྫོངས།། རྡོ་རྗེ་མིང་གི
186b7 ཚོགས་བཅོམ་ནས།། ཨ་ལ་སོགས་པའི་ཚོགས་ཟད་པ།། སེང་གེ་ལྟ་བུའི་ཆོས་ཆེན་མོ།། ཆུང་ངུ་སྣ་ཚོགས་ཉིད་ལ་རྫོགས།། ཉིད་ལས་ཆོས་སུམ་གྱུར་པ།། གསང་མཆོག་རྨད་བྱུང་སྣང་བ་མེད།། སྡང་མེད་སྣང་བ་དངོས




iiif viewer powered by OpenSeadragon

186a - 187a

Texts on this page

Gdg006.28 - 'khor lo rdo rje