e-texts navigator
Collection
Volume
Page
Wylie

183b1 རྣམ་པ་གསུམ་ཡིན་ཏེ།། རིག་སྔགས་གསང་སྔགས་གཟུང་སྔགས་ས།། སེམས་ཀྱིས་ཀུན་ལ་སྒྲུབ་མ་ཀྱང་།། ཀུན་གྱིས་རྟོགས་པར་དགའ་བའི་ཕྱིར།། གསང་སྔགས་ཞེས་སུ་བཏགས་པ་ཡིན།། དདོན་རྐྱེན་ནམ་ལག་པ།། རིག་པགས
183b2 ཞེས་སུ་བཏགས་པ་ཡིན།། རྟོགས་པའི་ངང་ལས་མ་ཡངས་པ།། གཟུང་སྔགས་ཞེས་སུ་བཏགས་པ་ཡིན།། དེ་ཕྱིར་སེམས་ནི་སྔགས་ཀྱང་ཡིན།། ཞེས་གསུངས་སོ།། ཡང་གསུངས་པ། སྣང་བ་ལམ་དུ་ཁྱེར་བ་ཐབས་ཡིན་ཏེ།། ཞེན་ཅིང་ཆགས་པ
183b3 མེད་པ་ཤེས་རབ་མིན།། སེམས་ནི་ཐབས་དང་ཤེས་རབ་ཚུལ་དུ་གནས།། ཞེས་གསུངས་སོ།། ཡང་གསུངས་པ།། བྱང་ཆུབ་སེམས་ནི་བསྙེན་པ་སྟེ།། རྟོགས་པའི་བལྟ་བ་ཉེ་བསྙེན་བྱིན།། ཉམས་སུ་བླངས་པ་སླབ་པ་ཡིན།། མངོན་དུ་གྱུར་པ་སྒྲུབ་ཆེན
183b4 ཡིན།། དེ་ནི་བསྙེན་སྨྲ་བ་ཚུལ་དང་ལྡན།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་།། སློབ་དབེན་དོན་དང་ཇི་ལྟར་ལྡན།། སློབ་ཏུ་དོན་དེ་ཇི་ལྟར་ལྡན།། དཀྱིལ་འཁོར་དམ
183b5 དང་ཇི་ལྟར་ལྡན།། གཞལ་ཡས་ཁང་དང་ཇི་ལྟར་ལྡན།། བག་ཆགས་ཚུལ་དུ་ཇི་ལྟར་གནས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱོ་སེམས་དཔའ་ཆེན་པོ་ཉོན་ཅིག། སློབ་དཔོན་མ་མཐོང་སེམས
183b6 ཉིད་མཐོང་།། རང་སེམས་བླ་མར་གནས་པས་ན།། ཀུན་གྱི་སློབ་དཔོན་སྐལ་པ་བཟང་།། གཉིས་མེད་སློབ་དཔོན་དམ་པ་སྟེ།། ལོག་སྲེད་ཅན་ལ་བཀའ་མི་སྩོལ།། བསམ་གྱིས་མི་ཁྱབ་ཡུལ་སློབ་བུ།། རྡོ་རྗེ་སེམས་དཔའི་སྤྱན་ཡིན་པས།
183b7 རྒྱལ་བས་སྲས་ཀྱི་དམ་པར་གསུངས།། རང་རིག་སེམས་ཀྱི་སློབ་བུར་གནས།། ཞེས་གསུངས་སོ།། ཡང་གསུངས་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད་པར་ཐུགས་ཆུད་པ།། དེ་ནི་དཀྱིལ་འཁོར་ཆེན་པོར་གསུངས།




iiif viewer powered by OpenSeadragon

183a - 184a

Texts on this page

Gdg006.27 - bang mdzod 'phrul gyi me long