| | e-texts navigator
|
183a1 བསམ་བརྣམ་པའི་ཁྱད་པར་བསྟན་འང་འདྲས་འདུན་པའོ།། ། ཡང་གསལ་པ། རྒྱ་གས་བར་འདན་པ་ལགས།། ཐམས་ཅན་རང་བྱུང་ལ་ཤེས་དང་།། འརོ་རྒྱན་དྲུག་འ་ལྟར་འདུས
183a2 གནས་ལྷག་མ་ཇི་ལྟ་པ་དས། ཟིན་ལས་རྣམ་པང་སྔར་འདུས།། སྒྲ་གདུང་རིང་འབྲེ་འདི་ལྟུང་འདུས།། སྔགས་ཀྱི་རློནམ་ཀྱི་།། ཐབས་དང་ཤེས་བྱན་གྱུག།། བཙུན་འཕྲེབ་རྣམ་པ་དུལྟ་ཇུས།། གསོ་ང
183a3 པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རིག་པ་ཁྱ་གཏལ་ལ་སྙོམས་པ་ནི།། སྦྱིན་པའི་ཕ་རོལ་ཕྱིན་པ་འདུས།། ཆོས་ཉིད་རང་ལས་མ་ཡེངས་པས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་འདུས།། མཚན
183a4 མའི་ཆོས་ལ་མི་སྐྲག་པས།། བཟོད་པའི་ཕ་རོལ་ཕྱིན་པ་འདུས།། ཤེས་རིག་དྲན་པ་མ་ཉམས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་འདུས།། མི་གཡོ་བརྟན་པར་གནས་པས་ན།། བསམ་གཏན་ཕ་རོལ་ཕྱིན་པ་འདས།། དམིགས་མེད་བསམ་དང་བྲལ
183a5 བས་ན།། ཤེས་རབ་ཕ་རོལ་ཕྱིན་པ་འདུས།། ཞེས་གསུངས་སོ།། ཡང་གསུངས་པ། སེམས་ཀྱི་རང་བྱུང་ཡེ་ཤེས་དེ།། རིག་པ་ཕྱི་ནང་གསལ་བས་ལྷག་མཐོང་ཡིན།། གསལ་བ་དོན་ལམ་ཡེངས་ཞི་གནས་ཡིན།། ཞེས་གསུངས་སོ།། ཡང་གསུངས
183a6 པ། སེམས་ཀྱི་རང་བྱུང་ཡེ་ཤེས་དེ།། གཟུང་འཛིན་མེད་པས་ཞི་བ་ཡིན།། ཀུན་ལ་གྲུབ་པས་རྒྱས་པ་ཡིན།། སེམས་ལ་དབང་ཐོབ་དབང་ཡིན་ཏེ།། རྣམ་རྟོག་འཇོམས་པས་དྲག་པོ་ཡིན།། ཞེས་གསུངས་སོ།། ཡང་གསུངས་པ། སྐུ་ནི་སྟོན་བསྒྲ
183a7 གསུམ་སྟེ།། ང་ཡི་རང་བཞིན་ཆོས་སྐུ་ཡིན།། ང་ཡི་ངོ་བོ་ལོངས་སྤྱོད་རྫོགས།། ང་ཡི་ཐུགས་རྗེ་སྤྲུལ་པའི་སྒྲ།། གདུང་ནི་སངས་རྒྱས་ཀུན་གྱི་ཐུགས།། མ་ཡེངས་གནས་པ་རིང་བསྲེལ་ཡིན།། ཞེས་གསུངས་སོ།། ཡང་གསུངས་པ། སྔགས་ནི
iiif viewer powered by OpenSeadragon
182b - 183b