| | e-texts navigator
|
180a1 ཞུགས།། དེ་ཡིས་ཁམས་གསུམ་གནས་སུ་འཛར།། བསྟན་པའི་བར་དུ་གཅོད་བྱེར་དང་།། འབྱུང་བ་མི་མཐུ་བྱིན་གྱི་དབུས།། བྱ་རོལ་ཀུན་གྱི་བདུད་དུ་བྱེད།། བར་ཆུད་ལམ་བྱེ་བདུད་བསྟན་པ།། དང་བས་ས་བྱུང
180a2 བསྐུལ།། བར་དུ་མི་མ་ཡིན་གྱི་གདོན།། ཐ་མར་རང་དང་སྡེར་བཅས་འཁོར།། བདུད་ཀྱི་སྤྱོད་ཡུལ་སྣ་ཚོགས་སྟོན།། དེ་དང་དོགས་པའི་བློ་སྐྱེས་ནས།། བདུད་ཀྱིས་བར་དུ་གཅོད་པར་འགྱུར།། ཡིད་ཆེས་གདེང་ལྡན་རྣལ་འབྱོརརོ་པས།། ཏིང་འཛིན་དོན་པས་མ་ཉམས
180a3 ཤིང་།། རི་དོགས་གཉིས་ཀྱི་སེམས་སྤངས་ན།། དེ་ནི་ཡང་དག་གྲུབ་པའི་ལམ་དུ་འགྲོ།། རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པས།། བདུད་ཀྱི་ཚོ་ཕྲལ་ཅི་སྟོན་ཡང།། བྱང་ཆུབ་སེམས་སུ་ཐག་ཆོད་ན།། ཐམས་ཅད་ཆོས་ཉིད་ངོ་བོར་འགྱུར།། བདུད་ཅེས་བྱ་བ་མིང་ཡང
180a4 མེད།། ཐམས་ཅད་གཉེན་དུ་སོང་ཙམ་ན།། དགྲ་ཞེས་བྱ་བ་བཙལ་མི་རྙེད།། ཅེས་གསུངས་སོ།། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས།། མི་མཐུན་སྐྱོན་གྱི་ལེའུ་སྟེ་བཅུ་བཞི་པའོ།། ། ཡང་འབྱེད་འཕྲུལ་གྱི་སྡེ་མིག་ལས། མན་ངག་ལུས་ཚད
180a5 རྒྱུད་ཀྱི་མར་བྱས་པའོ།། དགོངས་པ་མདོར་བསྡུས་པ་ཚིག་ལེའུར་བྱས་པ་རྫོགས་སོ།། ། བཅོམ་ལྡན་འདས་བྱ་བྲལ་རྫོགས་པའི་ངང་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་བདག་པོས་ཆོས་ཉིད་ཀྱི་ངང་ལས་བཞེངས་ཏེ། ཕྱོགས་བཅུར་ཞལ
180a6 རྣམ་པར་གཟིགས་ནས།། འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱིས།། ཀུན་ཏུ་བཟང་པོའི་དོན་མཆོག་སྟེ།། ང་ཡི་དོན་འདི་རྟོགས་མི་འདྲ།། ཏོགས་མི་འདྲ་བས་ཡིད་མི་ཆེས།། ང་ཡི་དོན་འདི་རྟོགས
180a7 པར་གྱིས།། ཞེས་གསུངས་པ།། དེ་ནས་སེམས་དཔའ་རྡོ་རྗེས་འཁོར་གྱི་ནང་ནས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ།། འཁོར་ལོས་རྒྱུ་རྒྱལ་མ་མཐོང་ན། ཀྱེ་ཞིང་གཉེན་པོའི་ཡིད་མི་ཆེས།། འཁོར་ལོས་སྒྱུར་རྒྱལ་མཐོང་ཙམ་ན།། གཟོད་ཅིག་ཆེ་ཞིང་གཉེན
iiif viewer powered by OpenSeadragon
179b - 180b