e-texts navigator
Collection
Volume
Page
Wylie

179b1 པར་འགྱུར།། ལུས་ངག་ཡིང་ཀྱི་རྩོལ་བ་ཡིས།། ཐེག་པ་གོང་ནས་རག་ཏུ་གལ།། བལྟས་པས་བསྒྲིབས་ལ་བསྒོམས་པས་འཁྲུལ།། བསྲུངས་པས་ཉམས་ལ་བཙལ་བས་གལ།། རྫོགས་ཆེན་ཨ་ཉི་མ་ན།། རེག་པ་ཤར་བས་བསྒྲིབ་ཏུ་མེད།
179b2 ཆོས་ཉིད་བཀོལ་བ་མེད་པས་གོལ་ས་མེད།། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། བྱིང་རྒོད་སྐྱོན་དུ་ཅི་ལྟར་འགྱུར།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས
179b3 དཔའ་ཆེན་པོ་ཉོན་ཅིག། དམན་པའི་ཐེག་པ་ཐམས་ཅད་ལ།། ཕྱིང་རྒོད་ཏིང་འཛིན་དགྲ་ཡིན་ཏེ།། བྱིང་བའི་རྒྱུ་ནི་ཕྲ་ནགས་གཉིས།། གློད་བློང་པོ་དང་མུག་མུག་པོ།། ཟིང་ཟིང་པོ་དང་ལོང་ལོང་པོ།། ངལ་དུབ་གཉིས་ཀྱིས་བྱིང་བའི་རྒྱུ།། ཡུལ་གྱི་བྱ་བ་རྒོད
179b4 ཧཱུ~ཾ་ན་ན་བྱེང་འོད་ལ་ས།། ། ནོད་ན་མག་མཐོང་ཐར་བར་བརྗོད།། རྫོགས་ཅན་མཏིལག་ལ།། ཅིང་ནོད་སྐྱོན་དུམི་བྱེ་སྟེ། བྱེང་བ་མིག་སོ་ཆོས་ཉིད་དང།། ནོད་པ་ལྷག་འཛུང་ཤེས་རབ་གསས།། ཆོས་ཉྀང་དང་དྲ་དབྱར་མེད་མཉ།
179b5 ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། ཡང་དག་ལམ་དུ་ཞུགས་པ་ལ།། བདུད་ཀྱི་ཆོང་འཕྲུལ་འབྱུང་སྲིད་ན།། བདུད་ནི་རྣམ་པ་དུ་ཞིག་ཡོད།། བདུད་ཀྱི་ཆོ་འཕྲུལ་ཅི་ལྟར་སྟོན།། ཟློག་པའི་ཐབས་ནི་ཅི་ལྟར་ལགས།།
179b6 གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བདུད་ལ་རྣམ་པ་བཞི་ཡོད་དེ།། ཉོན་མོངས་བཞི་དང་མ་རིག་འཁྲུལ།། ཕྱི་རོལ་རྐྱེན་དང་བར་ཆད་ལམ།། ཉོན་མོངས་བཞི
179b7 ཡིས་ཆུ་བྱས་ནས།། མ་རིག་འཁྲུལ་པའི་འབྲས་བུ་ཤར།། ཐམས་ཅད་བཟང་ངན་གཉིས་སུ་བརྟགས།། ངན་ལ་ཞེ་སྡང་སྤང་བར་འདོད།། བཟང་ལ་འདོད་ཆགས་བླང་བར་འདོད།། གཉིས་སུ་ཕྱེ་བས་གཏི་མུག་བྱུང་།། དུག་གསུམ་ནད་ཀྱི་གཅོད་སྨན




iiif viewer powered by OpenSeadragon

179a - 180a

Texts on this page

Gdg006.26 - yang 'byed 'phrul gyi lde'u mig