| | e-texts navigator
|
179a1 རྣམ་པར་དབྱེ་བ་འདོན།། ལྔ་གཉིས་གསུམ་གྱིས་བསྟན་པ་ཧཱུ~ཾ།། དདོན་ལགས་པར་བསྟན་དྲུགས་ཧཱ།། གསང་བའི་བདག་པོས་གསུངས་པ། རྩཝ་སེམས་དཔའ་ཆེན་མཉོན་ནུ།། གཞན་ས
179a2 དེ་བཅས་བྱིན།། དུས་ནི་ཐོག་མེད་དུས་ནས་འཁྲུལ།། མ་རིག་འཁྲུལ་བའི་རྩཝ་བསྟན་པ།། ལྷན་ཅིག་སྐྱེས་པའི་མ་རིག་པ།། ཕྱི་ན་རྟོགས་པའི་རྐྱེན་གཞི་དང་།། ཡུལ་དུས་བསྐལ་པ་གསུམ་པ་ནི།། མ་རིག་འ་ཁྲུལ་པིའི་ཅུ་རྐྱེན་ཡིན།། འཐུལ
179a3 པ་རང་གི་དྲོ་བ་ནི།། ནང་དུ་ངར་འཛིན་ཕྲ་ཞིང་རློམ།། ཕྱིར་ནི་གཟུང་འཛིན་ཏོག་པ་རྒྱས།། དེ་ནི་འཁྲུལ་པའི་ངོ་བོ་ཡིན།། ལས་ཀྱི་དགེ་སྡིག་རྣམ་པ་གཉིས།། ཐོ་མི་ཐག་སྦྲུལ་སྨིག་རྒྱ་ཆུ།། དེ་ནི་མ་རིག་འཁྲུལ་པའི་དཔེ།། དབྱེ་བ་བཟང་འཁྲུལ་ངན
179a4 འཁྲུལ་གཉིས།། ཡོད་ལུགས་རྣམ་པ་བཞི་ཡིན་ཏེ།། བདག་དང་ཡུལ་དང་གཉིས་ཀ་དང་།། འཁྲུལ་པ་རྐྱེན་ལ་ཡོད་པའོ།། ལུང་ལྡན་རྐྱེན་དང་མ་ཕྲད་ཅིང་།། ལྷག་མཐོང་ཤེས་རབ་མ་ཤར་ན།། གཏན་དུ་མི་ལྡོག་འཁྲུལ་ཡང་སྲིད།། རྐྱེན་དང་མ་ཕྲད
179a5 བར་དུ་འཁྲུལ།། འཁྲུལ་པ་ལོག་པའི་ཡོན་ཏན་ནི།། མྱ་ངན་འདས་པའི་འབྲས་བུ་ཡིན།། ཁམས་གསུམ་འཁོར་བ་མ་ལོག་སྐྱོན།། འཁྲུལ་པའི་འབྲས་བུ་བསྟན་པ་ནི།། ལས་ཀྱི་རྒྱུ་མཐུན་འགྲོ་དྲུག་ཡིན།། དེ་ནི་ཐེག་པ་ཐུན་མོང་དབང་།། རྫོགས་ཆེན
179a6 ཨ་ཏི་ཡོ་གེ་ལ།། འཁྲུལ་པ་སྐྱོན་དུ་ཆེ་རྒྱུ་དང་།། ཡེ་ཤེས་རྩིས་སུ་ཆེ་རྒྱུ་མེད།། འཁྲུལ་དང་མ་འཁྲུལ་གཉིས་ཀ་ཡང་།། བྱང་ཆུབ་སེམས་ཀྱི་ངོ་བོར་མཉམ།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། གོལ
179a7 སྒྲིབ་བྱོན་དུ་ཅི་ལྟར་འགྱུར།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དམན་པའི་ཐེག་པ་བརྒྱད་པོ་ཡིས།། རང་རང་རྟོགས་པའི་ལྟ་བ་ཡིས།། གོང་མ་མ་མཐོང་བསྒྲིབས
iiif viewer powered by OpenSeadragon
178b - 179b