| | e-texts navigator
|
178b1 ལེན་པ།། བྱའུ་ཕུག་གཡང་ལ་བཏང་བ་འདྲ།། ལྷ་སྲིན་དྲག་པའི་སྲོག་འཕྲོག་པ།། སྲག་གོ་སྒོ་ལྕགས་མི་ཤེས་པར།། དྲག་པའི་ལས་སྤྱོད་བྱེད་པ་ཡང་།། སྦྱིན་མེད་མཁའ་ལ་ཆར་སྣོད་འངདྲ་།། ཏིང་འཛིན་ཚད་དང་མི་ལྡན་ཞིང་།། བླ་མའི་གདམས་རག་མ
178b2 དྲན་ན།། ཐོས་པ་མང་པོའི་གློ་སྦྱངས་ཀྱང་།། དམུས་ལོང་ལག་ཏུ་གསེར་གྱི་ན་འདྲ།། སེར་པོའི་ཕྱོགས་ཙམ་མི་ཤེས་པར།། གསེར་གྱི་སེར་པོ་གང་ལ་རྟོགས།། དོན་གྱི་ཉམས་པ་གཏོགས་མི་ནུས།། དེས་ན་བླ་མའི་གྲདམས་ངག་དང་།། ཏིང་འཛིན་ཐོབ་པ་ཤིན་ཏུ
178b3 གཅེས།། གདམས་པ་འཕོག་པ་དངོས་དེ་ལ།། ཐ་མའི་ཆད་དུ་ཕྱིན་པ་ལ།། ཉི་མའི་དཀྱིལ་འཁོར་བསམ་པ་དང་།། སྦྱོར་བ་དོན་དུ་གཉེར་བ་དང་།། རྩ་རླུང་ཐིག་ལེན་ཚེ་སོགས།། མཁས་པས་དེ་ལ་གདམས་ངག་བྱིན།། ཐ་མའི་ཚད་ཀྱང་མེད་པ་ན།། དེ་ལ
178b4 གདམས་ངག་སྦྱིན་མི་བྱ།། ཅི་ལྟར་ཁྱི་ལ་གསེར་བྱིན་བཞིན།། རིན་ཆེན་སྙིང་པོར་མི་ཤེས།། སྒོ་སྐུར་མང་པོའི་གནས་སུ་འགྱུར།། ཞེས་གསུངས་སོ།། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གནས་པ་ཚད་ཀྱི་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་གསྡམ་པའོ།།
178b5 ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། མི་མཐུན་བྱོན་གྱི་ཡན་ལག་ཅི།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། མི་མཐུན་སྐྱོན་གྱི་ཡན་ལག་ནི།། འཁྲུལ
178b6 དྲང་གོལ་སྒྲིབ་བྱིང་དང་རྒོད།། བར་ཆད་ལམ་གྱི་ཆོ་འཕྲུལ་ལོ།། ཞེས་གསུངས་སོ།། ཡང་གསོལ་བ།། འཁྲུལ་པའི་བྱེ་བྲག་ཅི་ལྟར་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན
178b7 ཅིག། འཁྲུལ་པའི་བྱེ་བྲག་བསྟན་པ་ནི།། གཞི་དུས་རྒྱ་རྐྱེན་ངོ་བོ་ལས།། དཔེ་དང་དབྱེ་བ་འོད་ལུགས་སུན།། ལོག་པའི་ཡོན་ཏན་མ་མོག་སྒྲོན།། འབྲས་བུ་དག་དང་བཅུ་གསུམ་མོ།། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། འཁྲུལ
iiif viewer powered by OpenSeadragon
178a - 179a