| | e-texts navigator
|
176a1 དགོས་འདོད་དེ་བཟད་མེད་བྱུང་།། བྱང་ཆུབ་སེམས་ཅ་ཆོས་བྲལ།། རྗེ་དེའི་ཡོན་ཏན་འབྱུང་མེད་ཀྱང་།། ནམ་རྟག་མཚན་མས་བསྒྲིབས་རྣ་མན།། རྫ་བ་དོན་ཏན་བྱུང་རྗེ་ནས།། ངར་གྱུར་པ་ཤེས་ཆེན་པོ་ཡིན།
176a2 སེམས་ཀྱི་བྱི་དོར་ལེགས་བྱས་ནས།། རྣམ་རྟོག་ཡེ་ཤེས་ལངས་ཙམ་ན།། ཆེ་བའི་ཡོན་ཏན་ཟད་མེད་འགྱུར།། དེ་ཡང་ཕྱོགས་ཆ་འདྲ་བའི་དཔེ།། ཐམས་ཅད་ཀུན་ཏུ་མི་འདྲ་སྟེ།། དེ་བཞིན་ནོར་བུ་རིན་ཆེན་ལ།། འཇིག་རྟེན་དགོས་འདོད་འབྱུང་མོད་ཀྱང་།། སངས
176a3 རྒྱས་ཆེ་ཡོན་འབྱུང་མི་སྲིད།། སེམས་ཉིད་ཡིད་བཞིན་ནོར་བུ་ལ།། སངས་རྒྱས་ཆེ་ཡོན་ཚུན་ཆད་མེད།། དོན་ལ་ཁྱད་པར་ཤིན་ཏུ་ཆེ།། རི་བོ་དཔེ་རུ་བསྟན་པ་ཡང་།། རི་བོ་མི་འགྱུར་བརྟན་པ་བཞིན།། བྱང་ཆུབ་སེམས་ཀྱང་འགྱུར་བ་མེད།། དེ་ཡང་ཕྱོགས་ཆ་འདྲ
176a4 བའི་དཔེ།། ཐམས་ཅད་ཀུན་ཏུ་མི་འདྲ་སྟེ།། རི་བོ་ཤིན་ཏུ་བརྟན་པ་ཡང་།། བསྐལ་པའི་རླུང་གིས་འཇིག་པར་འགྱུར།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནི།། དུས་གསུམ་འགྱུར་པ་མེད་པར་གནས།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི
176a5 བདག་པོ་ལགས།། ཆོས་ཙམ་མཚན་མར་སྣང་བ་དང་།། ཆོས་ཉིད་རང་གི་ངོ་བོ་གཉིས།། དེ་ཡི་མཐུན་དཔེ་ཅི་ལྟར་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དུང
176a6 མཐོང་དུ་ང་ལ་བལྟས་དུས་སུ།། དུང་གི་དཀར་པོ་འཛིན་པ་ལས།། གསེར་འཛིན་སེར་པོ་སྐྱེ་མི་སྲིད།། གསེར་མཐོང་གསེར་ལ་བལྟས་དུས་སུ།། གསེར་གྱི་ཉེར་པོ་འཛིན་པ་ལས།། དུང་གི་དཀར་པོ་འཛིན་མི་སྲིད།། མ་རིག་འཁྲུལ་པ་ཤར་ཙམ་ན།། ཆོས་ཅན
176a7 མཚན་མར་འཛིན་པ་ལས།། ཆོས་ཉིད་ཟབ་མོ་རྟོགས་མི་སྲིད།། ལྷག་མཐོང་ཤེས་རབ་ཤར་ཙམ་ན།། ཆོས་ཉིད་ཟབ་མོ་རྟོགས་པ་ལས།། ཆོས་ཅན་མཚན་མར་འཛིན་མི་སྲིད།། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་རྩེ་གསང་བའི་བདག་པོ་ལགས།།
iiif viewer powered by OpenSeadragon
175b - 176b