| | e-texts navigator
|
174a1 ལ་ཅི་ལྟར་བསྡམ་པར་བྱ།། གསང་བའི་བདག་པོས་བསྟན་དུ་གསོལ།། གསུང་བའི་བདག་པོས་གསུངས་པ། རྫ་སེམས་དཔའ་རྒྱ་རྣམ་ཉོན་ཅིག།། ལྟ་བས་རྟགས་པར་བྱེད་དུས་སུ།། བླ་མའི་གདམས་ངག་དྲན་བྱས་ནས།
174a2 རང་བྱུང་ཡེ་ཤེས་གསལ་འཕང་བསྟོད།། བསྒོམ་པ་ཉམས་སུ་ལེན་དུས་སུ།། ལྟ་བའི་སྲོག་དང་མ་བྲལ་བར།། དེ་ཡི་རླན་དང་ལྡན་པར་བྱ།། མར་མེ་འབར་བའི་རྩེ་མོ་འམ།། ཆུ་བོ་འབབ་པའི་རྒྱུན་བཞིན་དུ།། ཏིང་འཛིན་འབྱུང་འདུག་མེད་པ་ཡི།། རྒྱུན་མི་ཆད་པའི་བསམ
174a3 གཏནཿ།། རྗེས་ཤེས་པ་ཡི་དུས་ཉིད་དུ།། བསྟ་བ་རྣོམ་གྲོགས་དང་ལྡན་པ་ཡིས།། དྲན་པའི་ཐེག་པས་གདགས་པར་བྱ།། ཞེས་གསུངས་སོ།། ཡང་བྱེད་འཕྲུལ་གྱི་མུག་ལས། དྲན་པ་ཛྙཱ་ནཱཿཡན་ལག་བསྟན་པའི་ལེངྒ་སྡེ་བརྒྱད་པ།། ཡང་གསོལ
174a4 པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། དྲོད་རྟགས་ཚད་ཀྱི་ཡན་ལག་གང་།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། རྟགས་ནི་རྣམ་པ་བཞི་ཡིན་ཏེ།། ཆུ་བོ་དག་ལས་བརྒལ་བ་དང་།།
174a5 རྫིང་ཆེན་དག་འ་ཁྲུས་བྱེད་དང་།། གཞན་གྱིས་བུམ་པས་ཁྲུས་བྱེད་རྣམས།། བག་ཆགས་སྦྱངས་པའི་སྔ་ལྔས་ཡིན།། མས་ཡང་གྱེན་དུ་འགྲོ་བ་དང་།། རིན་ཆེན་སྐས་ལ་འཛེག་པ་དང་།། ཕལ་བའི་སྐས་པ་འཇོག་པ་ནི། ས་ན་དྀ་ལྟ་ཡིན། ཏོག་དཀར
174a6 རྩེལ་ཕྱིན་པ་དང་།། རི་བོའི་རྩེ་ལ་འདུག་པ་དང་།། ཉི་ཟླ་གདན་ལ་བཏིང་བ་ནི།། ས་རྣམས་ནོན་པའི་སྔ་ལྟས་ཡིན།། གཉིད་ཀྱི་རྟོག་པ་ཆོམས་པ་དང་།། ཤིག་དང་སྲིན་བུ་མེད་པ་དང་།། ཁམས་ཀྱི་ཟས་དང་བྲལ་མོད་ཀྱང་།། དབང་པོའི་གཟི་མདངས་མི་ཉམས་ཤིང་།། གང་ལ
174a7 ཞེན་ཆགས་མི་སྐྱེན།། ནང་རྟགས་ཀྱི་རུ་བྱུང་བ་ཡིན།། སྔ་རྟགས་དེ་དག་བྱུང་བ་ཡང་།། རེ་བ་མ་བསྐྱེད་ཤུགས་ལས་བྱུང་།། ཏིང་འཛིན་ཚད་དུ་བརྟན་པ་ནི།། མཚན་མར་གཡོ་བ་མེད་པ་ནི།། རྒྱ་མཚོའི་གཏིང་གི་ཆུ་བཞིན་ནོ།། རྣམ་རྟོག་གཡོ་མི་འབྱུང་བ།། སྐྱེས་བུ་སྙིང་ཕྱུང།
iiif viewer powered by OpenSeadragon
173b - 174b