e-texts navigator
Collection
Volume
Page
Wylie

159a1 བྱས།། གསང་བའི་བདག་པས་བརྟན་དྲུགས་པ།། གསུངས་པ། ཉོན་།། མ་བཙས་ནལ་དུ་བཞག་པད།། ཐུག་དམན་ཙལ་སྒྲུབ་སན་དུས་ཏེ།། གས་བྱང་ཆུབ་དསགས།། ཆགས་པ་དང་རྫ་བའི་སྨན་ལམ་ཀུན
159a2 ཀྱང་དེ་ལ་རྫོགས།། ཉེས་པ་བཤགས་པའི་དགྱོད་པ་ཀུན་ཀྱང་རྫོགས།། འཕགས་པ་མཉེས་པའི་ཕྱི་ནང་མཆོད་པ་རྫོགས།། སྡོམ་དང་ཚུལ་ཁྲིམས་དམ་ཚིག་བསྲུང་མཚམས་རྫོགས།། དཀྱིལ་འཁོར་ཞུགས་དང་དབང་དང་དངོས་གྲུབ་རྫོགས།། སངས་རྒྱས་ས
159a3 དང་ཕ་རོལ་ཕྱིན་དྲུག་རྫོགས།། ཚོགས་བསགས་སྒྲིབ་སྲུངས་རྩོལ་བསྒྲུབ་འབྲས་པ་རྫོགས།། འགྲོ་དོན་མཐར་བྱིན་ཕྲིན་ལས་རྣམ་བཞི་རྫོགས།། སེམས་ཅན་དོན་བྱེད་ཚད་མེད་རྣམ་བཞི་རྫོགས།། ལུས་ཀྱི་བསྐོར་བ་ཕྱག་རྒྱ་གར་ཡང་རྫོགས།། ངག་གི་འདོད
159a4 བཟླས་དབྱངས་དང་བསྟོད་པ་རྫོགས།། ཡིད་ཀྱི་ཏིང་འཛིན་ཕྱག་རྒྱ་དཀྱིལ་འཁོར་རྫོགས།། དེ་ཕྱིར་དགོས་ཆེད་དོན་གྱིས་བཤད་པ་ཡིན།། ཞེས་སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ལམ་ཡོངས་སུ་རྫོགས་པའི་ལེའུ་སྟེ་སོ་གསུམ་པའོ།། ། ཡ
159a5 གསོལ་པ། ཀྱེ་སྟེ་གསང་བའི་བདག་པོ་ལགས།། རྫོགས་པ་ཆེན་པོའི་རྣལ་འབྱོར་པས།། སྤྱོད་པ་ཅི་ལྟར་སྤྱད་པར་བགྱི།། གསང་བའི་བདག་པོས་བསྟན་དུ་གསོལ།། གསུངས་པ། སྟོན་ཅིག། བཅོས་པའི་སྤྱོད་པ་མ་ཡིན་པ།། སྲོག་ལྡན་ཤུགས་ལས་བྱུང
159a6 ཡི།། དགག་དབྱེ་མེད་པའི་སྤྱོད་པ་སྤྱད།། རོ་དོགས་བཅས་པའི་སེམས་ཕྲལ་བས།། བླང་དོར་མེད་པར་ཀུན་སྤྱད་ན།། སྤྱོད་པ་གླང་ཆེན་ཆུར་ཞུགས་ཡིན།། ཅི་ལྟར་ནམ་མཁའི་མདུང་བསྐོར་བཞིན།། དཔེ་གས་མངོན་དང་མཐུན་སྤྱད་ན།། ཀུན་ཏུ་བཟང་པོ
159a7 སྤྱད་པ་ཡིན།། མཉམ་པའི་ང་ནས་མི་གཡོ་ཞིང་།། ལུས་ངག་ཡིད་གསུམ་རྩོལ་སྤངས་པ།། ཤིན་ཏུ་རྣལ་འབྱོར་སྤྱོད་པ་ཡིན།། ཞེས་གསུངས་སོ།། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། ཤིན་ཏརྣལ་འབྱོར་གྱི་སྤྱོད་པ་བསྟན་པའི་ཁྲི་ན་མས་བཞི་པའོ།།




iiif viewer powered by OpenSeadragon

158b - 159b

Texts on this page

Gdg006.25 - byang chub sems kyi man ngag rin po che'i phreng ba bang mdzod 'phrul gyi lde mig