e-texts navigator
Collection
Volume
Page
Wylie

157b1 ཀུན་ཏུ་བཟང་པའི་དགངས་འདུས་པ།། བཟང་ངནཱ་བྲང་དང་མེད་པར་འདུས།། རྡོ་རྗེ་སེམས་དཔའ་དགོངས་འདུས་པ།། སྱ་འགག་འཚོ་འགྱུར་མར་པར་འདུས།། རྣམ་པར་སྣང་མཛད་དག་ངས་འདུས་པ།། ཡ?་ཤེས་ཀུན་གྱི་ལུས་ཅན་འདུས།། རིན་ཅན
157b2 འབྱུང་ལྡན་དགོངས་འདུས་པ།། ཟག་མེད་གཏེར་གྱི་དགོངས་པར་འདུས།། སྣང་བ་མཐའ་ཡས་དགོངས་འདུས་པ།། ཁྱབ་གདལ་ཆེན་པོའི་དགོངས་པར་འདུས།། དོན་ཡོད་གྲུབ་པའི་དགོངས་འདུས་པ།། ཐོགས་མེད་ཡེ་ཤེས་དགོངས་པར་འདུས།།
157b3 དབེ་ནི་དྲིན་པེ་ནམ་མཁར་འདུས།། དོན་ནི་ཀུན་དོན་ཆོས་ཉིད་འདས།། རྟགས་ནི་བྱང་ཆུབ་སེམས་ཉིད་འདུས།། གཏན་ཚོགས་རང་བྱུང་པོ་ཤེས་འདས།། ཞེས་སོ།། ཡང་གསོལ་པ། དུས་གསུམསངས་ནས་དགོངས་པ་ནི།། ནམ་མཁའ་ཏུ་ཟླུ
157b4 གསུངས་པ་དེ།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། ཉོན་ཅིག། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། བྱང་ཆུབ་སེམས་ཀྱི་སྣང་བ་སྟེ།། དེ་ལ་ལྟ་བའི་ཡུལ་མ་མཆིས།། མི་རྟོག་པས་ན་མཉམ་པ་ཉིད།། དེ་བཞིན
157b5 ནམ་མཁའི་དགོངས་པར་བཤད།། དབང་པོའི་ངོལ་གང་སྣང་བ།། གང་སྣང་དེ་ལ་མི་རྟོག་ན།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། ཚིག་དང་ཡི་གེའི་དོན་རྟོགས་ན།། ཚིག་དང་ཡི་གེའི་དོན་ལ་གནས་མེད་པ།། དེ་བཞིན་ནམ་མཁའི་དགོངས
157b6 པར་བཤད།། བསམ་དུ་མེད་པའི་ཆོས་ཉིད་ནི།། ཀུན་ལ་ཁྱབ་པའི་བདག་ཉིད་དུ།། ནམ་མཁའ་བཞིན་དུ་ཡེ་གནས་པ།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། ཅི་བཞིན་པ་ཡི་ཆོས་ཉིད་ལ།། མ་བཅོས་པ་ཡི་བློ་བཞག་སྟེ།། མི་གཡོ།།
157b7 མཉམ་པའི་སེམས་གནས་པ།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། ཅེས་གསུངས་སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པར་བསྟན་པའི་ལེའུ་སྟེ་ཉེར་དགུ




iiif viewer powered by OpenSeadragon

157a - 158a

Texts on this page

Gdg006.25 - byang chub sems kyi man ngag rin po che'i phreng ba bang mdzod 'phrul gyi lde mig