| | e-texts navigator
|
157a1 བརླག་པར་གྱུར།། ཟས་ཀྱིརྒྱལ་པ་བདུད་པདྨ།། ལུས་ཉབས་ཅན་གྱིས་བཟའ་བ་ལས།། ཕ་བ་སྣོད་ངན་མེ་འདུ་སས། ནས་\ུ0f7f་བལྟ་པའི་འདུད་ཅི་འད།། རྣལྡན་འགྲུའ་ལ་སྟོད་ཡུལ་ལས།། ཀློད་མན་དག་ལ་བཉན་དྷ་ན།
157a2 སྡོད་བཅུད་གཉིས་ཀ་བརླག་པར་འགྱུར།། ཞེས་སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོ་ལྟ་བ་ཀུན་གྱི་ཐུན་མོང་མ་ཡིན་པར་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། ། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། རྫོགས
157a3 པ་ཆེན་པོའི་བལྟ་བ་ཡིས།། ཆོས་རྣམས་སྦྱི་ནི་ཅི་ལྡར་བཅིང་།། གསང་བའི་བདག་པོས་བསྟན་དུ་གསོལ།། གསུངས་པ་ཉོན་ཅིག། ལམ་གྱི་སྤྱི་ནི་གྲོང་གིས་བཅིངས།། ཆུ་བནི་བྷི་ནི་རྫ་མཆོས་བཅིངས།། རི་བདུན་གྱི་ནོར་པོས་བཅིང་སྟེ།། འབྱུང་བཞིའི་སྤྲི་ནི་ནམ
157a4 མཁས་བཅིངས།། ཐེག་བརྒྱད་སྤྱི་ནི་ཨ་ཏི་ས་བཅིངས།། སྐུ་གསུམ་སྤྱི་ནི་ཆོས་སྐུས་བཅིངས།། ཡེ་ཤེས་ལྔ་ཡི་སྤྱི་དག་ནི།། རང་བྱུང་ཡེ་ཤེས་ཆེན་པོས་བཅིངས།། སྣང་སྲིད་ཀུན་གྱི་སྤྱི་དག་ནི།། ཆོས་ཉིད་བྱང་ཆུབ་སེམས་ཀྱིས་བཅིངས།། ཞེས་གསུངས
157a5 སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་བལྟ་བས་ཆོས་ཐམས་ཅད་ཀྱི་སྤྱི་ཅི་ལྟར་བཅིངས་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། ། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེར།
157a6 སངས་རྒྱས་དགོངས་པ་ཅི་ལྟར་འདུས།། གསང་བའི་བདག་པོས་བསྟན་དུ་གསོལ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེར།། སངས་རྒྱས་ཀུན་གྱི་དགོངས་འདུས་པ།། སྤྱི་འདུས་སྒོས་འདུས་ཐམས་ཅད་འདུས།། དཔེ་ཡིས
157a7 འདུས་ལ་དོན་གྱིས་འདུས།། རྟགས་དང་གཏན་ཚིགས་མཐུན་པར་འདུས།། སྤྱི་ཡི་འདུས་པ་བསྟན་པ་ནི།། རབས་འདུན་ཤཱཀྱ་ཐུབ་པ་དང་།། སྟོང་རྩ་གཉིས་ཀྱི་དགོངས་པ་ཡང་།། ཆོས་ཉིད་བྱང་ཆུབ་སེམས་སུ་འདུས།། སྤོས་ཀྱི་འདུས་པར་བསྟན་པ་ནི།།
iiif viewer powered by OpenSeadragon
156b - 157b