| | e-texts navigator
|
156b1 གསུངསས།། བད་མ་ད་འབྲ་མདུ་མ་གུ་ལས། རྫོགས་པཅན་པའི་སྒྲུབ་ས་ཡང་ཅ་རྐང་ཐོས་པ་རྟན་འའདུན་ཏར་ཐ་ག།། ཡང་གསོལ། རྩཝ་ཀྱ་གསང་བང་བ་དག་པ་ལགས།། གདང་དང་ལྡན་པའི་དུལ་འགྱུང་བ།། འདྲ
156b2 ཉམ་པ་ཡོད་དམ་མེད།། གསང་བའི་བདག་པོས་བསྟན་དུ་གསོལ།། གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག། བྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ལ།། ངམ་གྲོག་གཡངས་རྒྱ་མཚོའི་འཇིགས་པས་ཏམ་མིང་།། སེང་གེ་ཅ་ལ་རྫོགས་གབས
156b3 གོང་ཉལ་བ་ལ།། གཅན་གཟན་ཕལ་པའི་འཇིགས་པས་ཉམ་མིང་།། རྣལ་འབྱོར་རིག་པའི་གདེང་ཆེན་ལྡན་པ་ལ།། ཁམས་གསུམ་འཁོར་བའི་གཡངས་སཉམ་མིང་།། གདེང་དང་ལྡན་པའི་རྣལ་འབྱོར་པས།། རང་བཞིན་མེད་པའི་དོན་རྟོགས་ན།།
156b4 མཚན་མ་སྣང་རུང་མི་སྣང་རུང་།། སྐྱེ་ཤི་མེད་པའི་དོན་རྟོགས་ན།། འདུས་བྱས་རྟག་རུང་མི་རྟག་རུང་།། ཡེ་ནས་ཡིན་པའི་དོན་རྟོགས་ན།། ད་གདོད་རྩོལ་རུང་མ་རྩོལ་རུང་།། གཉིས་སུ་མེད་པའི་དོན་མཐོང་ན།། དུ་མར་འབྱེད་རུང་མ་འབྱེད་རུང་།།
156b5 མཉམ་པ་ཉིད་ཀྱི་དོན་རྟོགས་ན།། བཟང་ངན་བ་བྱེད་རུང་མ་འབྱེད་རུང་།། བགྲོད་དུ་མེད་པའི་ལམ་རྙེད་ན།། གནས་ཀྱང་མཐོ་རུང་མ་མཐོ་རུང་།། གསལ་སྒྲིབ་མེད་པའི་དོན་རྟོགས་ན།། མུན་ཀྱང་སྲོས་རུང་མ་སྲོས་རུང་།། བརྗོད་དུ་མེད་པའི་ལམ་རྙེད་ན།།
156b6 སྙད་མཁས་རུང་མ་མཁས་རུང་།། ཞེས་གསུངས་སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རྫོགས་པ་ཆེན་པོའི་ལྟ་བའི་གདེང་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། ། ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། སྙིང་པོ
156b7 སན་ངག་འདི།། གང་ཟག་གང་གི་སྤྱོད་ཡུལ་ལགས།། བསྟན་དུ་གསོལ། གསུངས་པ།། སེམས་དཔའ་ཆེན་པོ་ཉོན་ཅིག། སེང་གེ་དཀར་མོའི་འོ་མ་ཡང་།། རིན་ཆེན་སྡོད་དུ་བཞོ་བ་ལས།། སྣོད་ངན་རག་ཏུ་བཞོས་གྱུར་ན།། སྣོད་བཅུད་གཉིས་ཀ
iiif viewer powered by OpenSeadragon
156a - 157a