e-texts navigator
Collection
Volume
Page
Wylie

156a1 བའི་བདག་པོས་བསྟན་དུ་གསོལ།། གསུངས་པ། སེམས་དཔའ་ཉོན་ཅིག། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡིན།། མི་སྣང་བ་ལ་མངོན་དུ་འབྱིན་ནུས་པ།། ཆོས་ཀྱི་སྙིང་པོ་ཡན།
156a2 པར་ཡིད་ཀྱང་ཆེས།། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས།། རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས།། རང་བཞིན་བཅུ་ཡིས་བཙལ་དུ་མེད་པའི་ཕྱིར།། མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་ཡིད་ཀྱང་ཆེས།། ཆོས་རྣམས་ཐམས་ཅད་གཏན་ལ
156a3 ཕེབས་པའི་ཕྱིར།། སྟོན་པའི་སྒོན་མ་ཡིན་པར་ཡིད་ཀྱང་ཆེས།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། འབྱུང་གནས་གཏན་ལ་འབེབས་པའི་ཕྱིར།། ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས།། རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་པས།། ཐེག་པའི་ཡང
156a4 རྩེ་ཡིན་པར་ཡིང་བྱེད་ཆོས།། དུས་གསུམ་སངས་རྒྱས་ཀུན་གྱི་ལ་མི་ཡིན་པས།། རྣམ་དག་ལ་མཚོན་ཡིན་པར་ཡིད་ཀྱང་ཆེས།། ཆོས་རྣམས་ཐམས་ཅད་སེམས་སུ་འདུས་པའི་ཕྱིར།། ཀུན་གྱི་རྩ་བ་ཡིན་པར་ཡིད་བྱུང་ཆེས།། ཐམས་ཅད་སེམས་ལ་གནས
156a5 པའི་ཕྱིར།། ཀུན་གྱི་གཞིམ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་སེམས་ལས་འབྱུང་བའི་ཕྱིར།། ཀུན་གྱི་འབྱུང་བ་ནས་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་སེམས་ཀྱིས་བྱས་པའི་ཕྱིར།། ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས།། སརྦ་སེམས
156a6 ལས་མེད་པའི་ཕྱིར།། ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས།། སྣང་བ་མེད་པར་ཀླན་ལ་ཁྱབ་པའི་ཕྱིར།། གདལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས།། གཅིག་དང་དུ་མར་བགྲང་དུ་མེད་པའི་ཕྱིར།། ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས།། དུས་གསུམ
156a7 འཕོ་འགྱུར་མེད་པའི་ཕྱིར།། མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆིས།། ཆོས་ཀྱི་རང་བཞིན་མ་ངེས་པས།། ལྟ་བ་ངོས་གཟུང་མེད་པར་ཡིད་ཀྱང་ཆེས།། རང་ལ་ཡོད་ཀྱང་རྟོགས་པར་དཀའ་བའི་ཕྱིར།། གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས།། ཞེས




iiif viewer powered by OpenSeadragon

155b - 156b

Texts on this page

Gdg006.25 - byang chub sems kyi man ngag rin po che'i phreng ba bang mdzod 'phrul gyi lde mig