e-texts navigator
Collection
Volume
Page
Wylie

146a1 \ུ0f7f། གསརང་བའི་བདག་པོས་གསུངས་པ།། རང་སེམས་བླ་མར་སྣང་བ་ལ།། དེ་ལ་རྣམ་པ་གསུམ་ཡོད་དེ།། སེམས་ཉིད་ཏུའི་བླམ་དང་།། འབྲས་བུ་སེམས་ཀྱི་བླ་མ་དང་།། རང་སྣང་ཆོས་ཀྱི་དམ་མ།། སེམས་ཉིད་རྩཝ་ཡི་བླ་མ་ན།། རྟོག་གེ་སྐམ་པོ་རིགས་ཆད་པ།
146a2 ལོག་སྲེད་ཅན་ནི་མ་ཡིན་ཏེ།། རྟོག་པ་ཡེ་ཤེས་བློ་དམན་གྱི།། འཁོར་འདས་གཉིས་ལ་བིརྟགས་བྱས་པས།། བདེ་དང་སྡུག་བསྔལ་གཉིས་སུ་མཐོང་།། འདེ་སྡུག་གཉིས་ལ་བརྟགས་བྱས་པས།། དགེ་སྡིག་གཉིས་ལས་བྱུང་བར་དྲན།། དྲན་པའི་སེམས་ཀྱིས་དད་པ་བསྐུལ།
146a3 དད་པའི་སེམས་ཀྱིས་བརྩོན་འགྲུས་བསྐུལ།། བརྩོན་འགྲུས་ཆེན་པོའི་བླ་མ་དེས།། ཤེས་རབ་རྣམ་གསུམ་བློ་བྱས་ཏེ།། ཏིང་འཛིན་དོན་ལ་ནན་ཏན་བསྒོམ།། ཏིང་འཛིན་མཐུ་བརྟ་ས་ཡེ་ཤེས་རྒྱས།། ཡེ་ཤེས་མངོན་གྱུར་ཆོས་ཀྱི་སྐུ།། དེ་ལས་གཟུགས་སྐུ་རྣམ་པ་གཉིས།
146a4 ཏི་ཟླའི་འོད་དང་གཟུགས་བརྙན་བཞིན།། ཐོགས་པ་མེད་པར་ཤུགས་ཀྱིས་འབྱུང་།། བསྟན་པ་ཐེག་པ་དཀུར་བཀོད་ནས།། གང་འཐད་ཡུལ་ལ་འདེབས་སུ་གཞུག། འབྲས་བུ་སེམས་ཀྱི་བླ་མ་ནི།། ཤེས་པ་སོ་མ་མ་བཅོས་པ།། འབྲས་བུ་རང་སྣང་ལུ་གསུམ་ཚུལ།།
146a5 ཆོས་ཀྱི་སྐུ་རུ་སྡང་།། ངོ་བོ་ལོངས་སྤྱོད་རྫོགས་སྐུར་སྣང་།། ཐུགས་རྗེ་སྤྲུལ་པའི་སླདྲ་སྣང་།། སེམས་རྒྱུད་གཅིག་གི་ངོ་བོ་ལ།། སྟོན་པ་སྐུ་གསུམ་རང་བཞིན་གནས།། རང་སྣང་ཆོས་ཀྱི་བླ་མ་ནི།། འབྱུང་ཆེན་ལྔ་ཡི་བླ་མ་དག།། འདོད་ཡོན་ལྔ་སོགས་བླ་མ་ཡིས།། ཚིག་དང
146a6 གེས་མི་སྟོན་པར།། རང་གི་ངོ་བོས་ཆོས་སྟོན་པ།། བདག་གཞན་གཉིས་སུ་མི་རྟོག་པ།། རང་སྣང་ངོ་བོས་ཆོས་སྟོན་ཏོ།། ཞེས་གསུངས་སོ།། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། རང་སེམས་སྟོན་པར་བྱུང་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སེམས་དཔ
146a7 ཡང་གསོལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། སྦས་པ་གའ་བའི་དོན་ཅི་ལགས།། གསིང་བའི་བདག་པོས་བསྙེན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། རྩེ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཅན་མཚན་མ་རྒྱ་མཚོའི་ཀློང་དཀྱིལ་ན།། ཆོས་ཉིད་གས




iiif viewer powered by OpenSeadragon

145b - 146b

Texts on this page

Gdg006.25 - byang chub sems kyi man ngag rin po che'i phreng ba bang mdzod 'phrul gyi lde mig