| | e-texts navigator
|
144b1 བཅོམ་མེད།། དུ་ན་ཏུ་ཉུང་རྟོགས་འདོ་པས།། ན་ན་མ་པར་བྱས་ཉིད་ལ།། ར་བཞིན་མང་པས་མཚན་ཏེ་བསྟན།། བརྗོད་མང་དུ་གྱིས་ཉིད་དེ།། བརྗོད་མར་རྙོག་གིས་མཚན་ཏེ་བསྟན།། དམྱིགས་སུ་མ་ད་ཚང་ཉིད།། དབྱེད་པ་རྗེ་ག་གིས་མཇོ་རྟག
144b2 ནམ་མཁའ་ལྟ་བུའི་ཆོས་ཉིད་དོ།། ནམ་མཔའི་དཔེ་ཡིས་མཚན་ཏེ་བསྟན།། ཞེས་གསུངས་སོ།། བར་མཛོད་འཕྲུལ་གྱི་ལྡེ་མིག་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། ། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་རྗེས་གསོལ་ཏོ།། རྩེ་གསང་བའི་བདག
144b3 ལགས།། ཆོས་ཉིད་རང་གི་བོད།། མ་བཤད་གོ་བར་མི་འགྱུར་ཏེ།། དྲི་འི་བཞད་ལུགས་ཅི་ལྟར་ལགས།། གསུང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། སྐྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། མན་གདོན་གྱི་བད་ལུགས་ནི།། དོན་ཅི་བཤད་ཁྲག
144b4 ལྔ་ཡིས་བཤད།། ལོརྒྱས་དོན་གྱིས་བཤད་ལུགས་དང་།། རྩ་བའི་དོན་གྱིས་བཤད་ལུགས་དང་།། ཡོ་གའི་དོན་གྱིས་བཤད་ལུགས་དང་།། དགོས་ཆེད་དོན་གྱིས་བཤད་ལུགས་དང་།། ཚིག་གི་དོན་དང་ལྔ་ཡིས་བཤད།། ཅེས་གསུངས་སོ།། ཡང་ཞུས་པ།། ཀྱེ་ཀྱེ་གསང་བའི
144b5 པོ་ལེགས།། གཏན་ཚིགས་དོན་གྱི་བཤད་ལུགས་སྨྲས།། མ་བཞིང་སྐྱོན་ནི་ནི་ལྟར་ལགས།། བཤད་པའི་ཡོན་ཏན་ཅི་ལྟར་འགྲས།། གསང་བའི་བདན་ངས་བསྐྲུན་དུ་གསོལ།། ཞེས་རྒྱས་སྷོ།། གསང་བའི་བདག་པོས་བསྲུངས་པ། ཀྱེ་སེམས་དཔའ་ཆེན་པོ་སྟོན་ཅིག
144b6 པོ་རྒྱུས་དོན་གྱིས་མ་བཤད་ན།། ཡིད་འི་རྒྱས་པའི་སྐྱོན་དུ་འགྱུར།། རྩི་བའི་དོན་གྱིས་མ་བཤད་ན།། ཆོས་རྣམས་སེམས་སུ་མི་འདུབྱས།། མཐའ་ཡས་པའི་སྦྱིན་དུ་འགྱུར།། ཡོ་ག་དོན་གྱིས་མ་བཤད་ན།། ཐེག་པའི་ཤན་ཟང་མི་བྱེད་པས།། ཁྱད་མི་རྙེད་པའི་མྱོ་དུ
144b7 འགྱུར།། དགོས་ཆེད་དོན་གྱིས་མ་བཤད་ན།། རྩོལ་བསྒྲུབ་བྱ་བཙལ་མ་བྱས་པར།། སངས་རྒྱས་ས་ལ་དོན་མེད་འགྱུར།། ཚིག་གི་དོན་གྱིས་མ་བཤད་ན།། ཚིག་དང་དོན་དུ་མི་བསྡེབ་པས།། འབྲུ་ཡི་ཚོམ་པའི་སྐྱོན་དུ་འགྱུར།། དེ་བཟློག་བཤད་པའི་ཡོན་ཏན་ཡིན
iiif viewer powered by OpenSeadragon
144a - 145a