| | e-texts navigator
|
144a1 རྟག་ཤཱ་ངང། ཏས་པ་\ུ0f7f། ནཀྵ་ཥྚ་བནྡྷ་བྷྱདྷཱམ། བདན་དང་། བྱང་ཆུབ་སེམས་ཀྱིམན་ངནཐོན་པ་འི་ཕྲེང་བ་བ་དམ་ད་ཕྲར་གྱི་རློམས་མམ་ན། བཅོམལྡན་འདས་དཔའ་ཀུན་དྷབང་བ་བྱབ
144a2 ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མཁའ་ཀློང་ཡངས་པའི་གནས། རྒྱ་ཡོངས་སུ་མ་ཆད་པ་ན། བཅོམ་ལྡན་འདས་གསང་བའི་བདག་པོ་དེས། འཁོར་སངས་རྒྱས་དང་སེམས་ཅན་ཡི་དགས
144a3 དང་། འདྲེ་སྲིན་ལ་སོགས་པ་འབྱེད་པ་མེད་པའི་འཁོར་གྱིས་བསྐོར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་འགྲེལ་ཅིང་། དུས་གསུམ་དུ་ཅི་བཞིན་པར་བཞུགས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚེགས་རྣམས། དང་བའི་སེམས་ཀྱིས་ལུས་བཏུད་དེ།
144a4 ཀྱིས་འཁོད་པ་དེ།། འདོད་པའི་དོན་ནི་སྒོ་སོལ་ཅིག། ཅེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ནས། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བའི་བདག་པོ་ལགས།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན།། བདག་ཅག་རྣམས་ལ
144a5 བསྟན་དུ་གསོལ།། ཞེས་གསོལ་ཏོ།། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཏིད་དོན་གྱིང་བ་དེ།། ཆག་དང་ཡི་གེ་ལས་འདས་ཤིང་།། བརྗོད་པས་ཐོབ་ཏུ་ནི་ཕེབ་སྟེ།། རང་ནི་དབ་བརྗོད་མེད་ཀྱང་།། མཐུན་པའི་ཚིག་གིས་མམཚོན་ན།།
144a6 ངོང་རྟགས་མི་འགྱུར།། ཆོས་རྣམས་ཐམས་ཅད་བརྡར་བསྟན་གྱིས།། ཡིད་ཀྱི་དབང་པོ་རྣ་པར་ཆུག།། རྣབའི་དབང་ངོས་སྤྲུལ་ཏོན།། དཔེར་ན་མེ་ཉིད་འདོད་པས་ཀྱང་།། མ་འདོད་ཆེག་ཏུ་མ་བཟོད་ན།། མེ་དང་ཕྲད་པ་ཞིན་ཏུ་དཀའ།། མེ་འདོད་ཚིབ་ཏུ་བརྗོད་པས་ན།། མེ་པ
iiif viewer powered by OpenSeadragon
143b - 144b