| | e-texts navigator
|
141a1 པའི་རྒྱུད་ཅན་འང་།། སངས་རྒྱས་ཀུན་གྱིས་བཤད་པ་མང།། ཐམས་ཅད་དེ་ལས་བྱུང་བ་དང་།། ཡང་དག་གནས་པ་ཉིད་ཀྱི་ཕྱིར།། མཆོག་ཏུ་བཇུགས་པའི་དབང་བྱ་ཀུན།། བླ་ན་མེད་པ་ང་བཞིན་ཉིད།། རྒྱལ་བས་རྦ
141a2 པའི་འཁོར་ལོ་འདི།། བསྐལ་པར་སྐལ་ལྡན་རྣམས་ཀྱི་དོན།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལས། མ་བྱུང་བའི་དུས་སུ་འབྱུང་བ་སྟེ་ལེའུ་བདུན་པའོ།། ། དེ་ནས
141a3 རྡོ་རྗེ་འཛིན་པ་ཉིད།། གཉིས་མེད་སྦྱོར་བའི་སྙོམས་འདུག་ལས།། རིགས་ཀྱི་དཀྱིལ་འཁོར་གསལ་མཛད་ཅིང་།། ཐམས་ཅད་དབྱིངས་ཀྱི་རྒྱན་དུ་སྟོན།། བྱིན་རླབས་སྐུ་གསུང་ཐུགས་ཉིད་ལས།། རང་སྡང་བྱང་ཆུབ་སེམས་ཀྱི་དོན།། མ་བྱུང་སྐྱེ་བ་ཀུན་ཉོན་ཅིང་།།
141a4 མ་འགགས་གཉིས་མེད་ནམ་མཁའི་ངོས།། བདེ་གཤེགས་སྙིང་པོ་སེམས་ཀྱི་དབྱིངས།། རྟག་ཏུ་མི་འགྱུར་དངོས་ཉི་དཔྲལ།། སྟོང་པའི་མཚན་ཉིད་གདོད་ནས་དང་།། ཕྱོགས་འཛིན་རིགས་ཀྱི་ཆོས་ཀུན་གསིལ།། འགྲོ་བ་སྣ་ཚོགས་འཁོར་བའི་རྒྱུན།། ཟབ་མ
141a5 རང་སྣང་དཀྱིལ་འཁོར་ཆེ།། འདོད་ཡོན་སྤྱོད་པའི་དཀྱིལ་འཁོར་ལས།། ཀུན་བཟང་ཆོས་སྐུའི་རྣམ་པར་འཕྲུལ།། སྐྱེ་བ་བཞི་རྫོགས་བཅུད་མྱོས་ཤིང་།། ནང་གི་ཆོས་ཀུན་རབ་ཏུ་གསལ།། ཕྱོགས་བཅུ་དུས་གསུམ་ནས་བཀོད་པའི།། སྒྲིབ་ཚོགས་དེ་ཉིད
141a6 ཤེས་པ་གྲོལ།། བསོད་ནམས་ཡེ་ཤེས་ཚོགས་མཐའ་ཡས།། རང་བཞིན་སྟོབས་ཀྱིས་གྲོགས་རྒྱས་པའི།། རྟོགས་མཆོག་ཀུན་བཟང་ཟུང་འདུག་བློ།། ཐམས་ཅད་མཁྱེན་པའི་གནས་བརྒྱས་སྤྱོད།། ཆོས་ཀུན་སྣང་བ་མ་འདྲེས་གས་ལ།། ཐེག
141a7 མཆོག་ཚུལ་མང་འཇུག་པའི་དོན།། འབྱུང་ཆེན་གྱི་ནང་མ་འགགས་པའི།། སྣང་བའི་ཡོན་ཏན་དྲིན་ལས་ཚོགས།། རིགས་ཀྱི་དཀྱིལ་འཁོར་ཀུན་འདུས་ཏེ།། ཀུན་ཏུ་བཟང་པོ་རོལ་སྟོན་དང་།། ཀུན་འདུས་བྱང་ཆུབ་སེམས་ཀྱི་གཞི།། སྟོང་པའི་ར
iiif viewer powered by OpenSeadragon
140b - 141b