| | e-texts navigator
|
137b1 པ་བྱེ་བྲག་གིས།། རྫས་དབྱིངས་མ་ལོང་ལྟ་བུ་དང་།། མཉམ་ཉིད་སོ་སོར་ཀུན་རྟོག་པ།། བྱབ་གྲུབ་པའི་ཡེ་ཤེས་སྒྲ།། མི་གཉིས་སོ་སོར་གསལ་བ་ཡིས།། ཉི་ཤུ་རྩ་ལྔ་ལ་སོགས་རྒྱན།། ཉི་མའི་དཀྱིལ་འཁོར་ངལྟ་བར།། གནས་མ་དག་ཉིས་སུ་རྣམ་པར་ལྡར།
137b2 ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་ཀུན།། གསང་ཆེན་དེ་བཞིན་ཉིད་ཀྱི་དབྱིངས།། རྣམ་པ་སྤྲོས་པ་ཀུན་སྤྱོད་པའི།། ཐ་སྙད་ཡུལ་ལས་བརྟགས་པ་ཡི།། དེ་ལྟར་རང་རིག་གསལ་བ་ནི།། རང་བཞིན་མཁའ་ལ་སྣང་བའོ།། མ་བཅོལ་ཡོན་ཏན་རྒྱན་སྣང་བའི
137b3 བདེ་གཤེགས་རྒྱལ་བ་ཀུན་གྱི་དངོས།། གཅིག་དང་གཉིས་མི་ནད་ཀྱིལ་འཁོར་ཚུལ།། སྣ་ཚོགས་རྣམ་པར་ངེས་པའོ།། གཏི་མུག་ཆེན་པོ་རྣམ་སྣང་མཛད།། འདོད་ཆགས་ཆེན་པོ་མཐའ་ཡས་སྐུ།། ཞེ་སྡང་ཆེན་པོ་མི་བསྐྱོད་པ།། དམྱལ
137b4 ཐུབ་ཆེན་རེན་འགྱུང་སྟེ།། ཕྲག་དོག་ཆེན་པོ་དོན་ཡོད་གྲུབ།། ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་ཆེ།། དེ་དག་འཁོར་ལོ་པདྨ་དང་།། རྡོ་རྗེ་རིན་ཆེན་སྣ་ཚོགས་ཀྱིས།། རིགས་མཆོག་གཙོ་དང་སྤྲུལ་པར་བཅས།། ཐབས་དང་ཤེས་རབ་སྙོམས་འཇུག་པའོ།།
137b5 གང་དུ་དམིགས་པར་བྱ་བའི་ཡུལ།། ཕྱི་རོལ་འབྱུང་ཆེན་མཐུ་རྩལ་སྟོབས།། ཐམས་ཅད་ནང་གི་སྣང་བའི་ཚོ་གས།། རྒྱུ་ཉིད་ཟབ་མོའི་བྱང་ཆུབ་སེམས།། དེ་དག་ལ་བརྟེན་འགྲོ་ཀུན་དང་།། སྤྱོད་ཡུལ་ཡེ་ཤེས་ཆེན་པོའི་རྒྱ།། རང་བཞིན
137b6 ཀུན་ཏུ་བཟང་མོའི་མཁའ།། རང་གི་ཆོ་འཕྲུལ་སྣ་ཚོགས་འཆར།། ཀུན་བཟང་བཀོད་པ་རོལ་པའི་ཆོས།། རྒྱུ་རྐྱེན་དོན་བཞིན་རྣམ་དག་པས།། གཉིས་མེད་འབྲས་བུ་བདག་ཉིད་ཆེ།། འདས་དུས་ལ་སོགས་འགྱུར་པ་མེད།། ཐམས་ཅད་མི་ཚི།
137b7 རྟག་པའི་ཆོས།། དེ་དག་ཐ་སྙད་ལས་འདས་ཏེ།། ལུས་རྟོགས་ཕྱི་རོལ་དོན་གྱི་རྒྱན།། ཕྱོགས་ཆས་སྣང་བ་རིས་མ་གྲུབ།། རྟོགས་དུས་བརྟགས་པ་རི་བོའི་མཆོག། ཉི་མའི་དཀྱིལ་འཁོར་ཟེར་དང་བཅས།། བར་སྣང་གསལ་བར་ཁྱབ་པ་ཡིས།།
iiif viewer powered by OpenSeadragon
137a - 138a