e-texts navigator
Collection
Volume
Page
Wylie

134b1 འི་རླབས།། འོད་ཟེར་སྡང་བ་གཙུག་ཏོར་ཅར།། བྱམས་པའི་སེང་གེ་སྤྲིན་གྱི་ཤུགས།། བདེ་གཤེགས་བྱང་ཆུབ་སེམས་དཔའི་འཁོར།། རྫུ་འཕྲུལ་གྲགས་པ་ཆེར་ལྡན་པ།། རང་གི་ཞིང་ཁམས་སྡང་མཛད་ཅིང་།། སྣ་ཚོགས་ཐེག་པས་འདུལ་བ
134b2 ཚུལ།། དགོངས་པས་གཞན་པརྒྱུད་ཞི་བ་ཁམས་མཆོག། མང་པོར་བཀུར་བ་ཡུམ་ཆེན་པོར།། ཐུབ་པ་ཆེན་པོའི་འོད་དཔལ་ལ།། སྔོན་གྱི་བྱ་བ་ཇི་ལྟ་བར།། བདེ་སྦྱིན་བདུད་རྩི་གྲོང་མཆོག་དང་།། དཔའ་བོ་རྩེར་གནས་རྡལ་ཞི་བར།། དུས་མཚུངས་འདྲ
134b3 པའི་སྟོན་པ་མཆོག། སྟོབས་མཆོག་གསུང་བཅུས་འཁོར་ལོས་སྒྱུར།། ཐམས་ཅད་ཐེག་པ་ཆེན་པོ་ཡིས།། བྱང་ཆུབ་སེམས་ཀྱིས་ཚིམ་པར་མཛད།། དེ་ཡི་བསྟན་པ་ཡུན་རེང་དུ།། སྐལ་ལྡན་རྣམས་ཀྱིས་འཛིན་པར་འགྱུར།། བུ་འཕྱོགས
134b4 སྒྲ་སྒྲོག་བྱེད་པའོ།། ཆོས་རྒྱལ་རབ་ཏུ་ཞི་པའི་འཕྲུལ།། བསྟི་སྡུག་རིན་ཆེན་གླང་པོ་རི།། རི་སྐྱབས་མེ་ཏོག་སྤངས་པའི་ཞིང་།། ལས་རབ་རྡོ་རྗེ་ཀུན་སྤྱོད་པ།། མཆེ་བའི་སྡེ་བཅས་ཕྱོགས་པས་རྒྱལ།། གོ་རྔ་སྲ་བསྡུག་པར་བྱེད།། ཐེག་མཆོག
134b5 ན་ཆེན་འོད་ཀྱི་ཕྲེང་།། ལས་ཀྱི་རིགས་མཆོག་ཆེ་ལས་བྱུང་།། བྱ་གྲབ་ཕྲིན་ལས་ཀུན་གྱི་བདག། བརྩོན་འགྲུས་གཞན་གྱི་སྡེ་གནོན་པའོ།། མཐུན་བྱེད་རིག་པའི་དཔུང་ཚོགས་ཀྱང་།། སངས་རྒྱས་ཀུན་གྱིས་རྗོད་བྱེད་ཅིང་།། བྱང་ཆུབ་སེམས་དཔའ་ཀུན
134b6 གྱིས་བཀུར།། གྲོང་ཁྱེར་ཆེན་པོ་ཇི་ལྟ་བར།། དཔུང་བ་ཅས་ཐེག་པས་ཡང་དག་བགྲོད།། ཐུགས་རྗོད་མེད་སྡོད་ལམ་བཅས།། གྲུལ་པོའི་རབ་ཀྱིས་གྲོང་གནས་བྱོན།། ཟླ་གཤེགས་འོད་ཟེར་ལྷུན་པོས་བརྒྱ།། གསལ་རྒྱལ་ཀ་ལའི་གྲོང་མཆོག་འདག།
134b7 ཡུལ་འཁོར་བཅུ་དྲུག་བཅུ་དྲུག་སྦྱོང་།། འདོད་པའི་ཡོན་ཏན་ལོངས་སྤྱོད་བརྒྱན།། དཔུང་ཚོགས་སྡེ་བཅས་རབ་ཏུ་སྣང་།། གཞན་ནས་འཇོམས་བྱེད་གཞོན་ནུའི་སྡེ།། དྲི་མེད་སངས་རྒྱས་རྣམ་བཞིའི་བདག། གསང་བའི་མཛད་པས་ཆོས་ཀུར་མྱོང་།། འཛོ




iiif viewer powered by OpenSeadragon

134a - 135a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud