| | e-texts navigator
|
134a1 ཡོངས་སུ་དག་པའི་འཁོར་དང་བཅས།། ཡུན་རིང་འགྲོ་བའི་དོན་ལ་དགོངས།། བསྟན་པའི་གསང་སྔགས་སྣ་ཚོགས་མཆོག། སླར་ཡང་སྤྲུལ་པ་འགྲོ་བའི་ཚུལ།། ཟག་པང་ལམ་ཀུན་རྣམ་པར་སྦྱོར།། གཉིས་མེད་གཉིས་སུ
134a2 མེད་པའི་སྒོ།། བྱ་བྲལ་བྱ་བས་བགྲོད་པའི་ལམ།། རང་བཞིན་བྱང་ཆུབ་སེམས་ཀྱིས་བརྒྱན།། འབྱུང་བ་ཆེན་པོའི་གཟུགས་རྩལ་ཅན།། མེ་མཉམ་མཉམ་ཉིད་སྔགས་ཀྱི་རྒྱུན།། བསྟན་པའི་དུས་མཚུངས་སྣང་བའོ།། ནུབ་ཕྱོགས་བདེ་སྒོ་འཇིག་རྟེན་རྦ།
134a3 ཕྱོགས་བཞི་སྟེང་བས་བདེ་གཤེགས་གནས།། རྒྱུན་འབྱུང་དྲག་པ་སྤང་བའི་ཡུལ།། འོད་བྱེད་ཉི་མ་འབྲས་བུའི་ཞིང་།། པདྨའི་མཚན་མཆོག་གནས་ཀུན་མཛེས།། རྒྱལ་མཚན་བརྩེགས་པ་བདུད་དཔུང་འཇོམས།། དགུ་སཛེས་འཁོར་ལོའི་འོད་ཀྱི
134a4 ཕྲེང་།། ཀུན་འགྱུང་ཞི་བ་སྙིང་པོའི་ཆོས།། པདྨའི་རིགས་མཆོག་འཁོར་ཀུན་ཀྱང་།། དེ་བཞིན་བྱང་ཆུབ་བདེན་པའི་གནས།། ཡེ་ཤེས་སྟོབས་མཆོག་འཇིགས་པ་མེད།། ཁམས་གསུམ་ཁྱབ་པར་མཛད་པའི་ཚུལ།། གྲོང་ཁྱེར་མཆོག་ཏུ་ཡང་སངས
134a5 རྒྱས།། སྙིང་པོ་གསེར་ལྡན་དཔུང་བཞི་དག། འབར་འོད་ལྡན་པའི་ཕྱོགས་འཛིན་ལ།། མྱང་བར་རབ་ཏུ་བདུད་རྩི་ཅན།། ཁམས་རྣམས་མཛད་པར་རབ་ཏུ་བརྩོན།། རྒྱས་པར་མཛད་པའི་ཚུལ་སྟོན་པའོ།། རྒྱལ་པོས་སྤངས་ཁྲོ་བྱེད་སྡེ།། གཞི
134a6 འབྱུང་གཉེན་པོ་མེད་འབྱེད་སྐྱེས།། རབ་བརྩོན་བརྟུལ་ཞུགས་འཁོར་ལོའི་བདག། ཐེག་ཆེན་གསང་བའི་ཚུལ་འཛིན་པའོ།། སེམས་དཔའ་ཆེན་པོ་ཡེ་ཤེས་བློས།། རང་བཞིན་གསལ་བའི་རྒྱུད་འཛིན་ཅིང་།། སྤྲུལ་པའི་སྣང་བས་ཀུན་ཁྱར་པར།། ཡུན
134a7 རང་སྣང་བསྟོན་པར་བྱེད།། ཆུབ་བྱང་གྲོང་ཁྱེར་ཀུན་གྲགས་བརྩེགས།། ལྷ་མོང་དབང་པོ་འཕྲུལ་པའི་ཡུལ།། མདངས་ཆེན་རབ་གྲས་རྩེ་མོ་དང་།། གདུགས་མཛེས་པ་དྨ་ཕྲེང་བ་ཅན།། སངས་རྒྱས་རབ་བཞད་མཏོག་ཅན།། ཡུལ་དག་སློང་པའི་རྩ
iiif viewer powered by OpenSeadragon
133b - 134b