| | e-texts navigator
|
133b1 ས་ཆེན་པའི་དཔུང་བྱས་པར།། དེ་འདྲལ་ཟག་པ་མཆོག་བསྟན་ཅིང་།། རྫོགས་ཅ་བྱང་ཆུབ་སེམས་སུ་སྦྱོར།། དེ་ཡི་བསྟན་པ་མཆོག་འཛིན་པའི།། སྒྲུབ་མང་པ་གྱེས་པར་འགྱུར།། ཡུ་རང་གནས་པའི་རྒྱུད་ལྔ་ཀུན།། བྱིན་རླབས་རང་གི་ཆོས
133b2 པའོ།། ལྷོ་ཕྱོགས་རིན་ཆེན་ཡོད་པའི་ཚོལ།། ཉི་འོད་ཀུན་ཁྱབ་དཔོ་འོད་བཞིན།། སྣང་བའི་པདྨོ་ཡིད་འོང་མཆོག། ཐམས་ཅད་རིན་ཆེན་རྒྱན་གྱིས་མཛེས།། བྱམས་པའི་རྒྱལ་པོར་རིནི་ཆེན་མཆོག། མྱ་ངན་དྲི་མ་རྣམ་པར་སེལ།། ཡོན་ཏན་དུ
133b3 འགྲུང་འདོད་པའི་ཚུལ།། སྤོབས་པ་བརྩེགས་པའི་རི་ལོ་མཆོག། མཉམ་ཉིད་ང་ནི་ཆེན་སྡིགས་ལས་སྐྱེས།། རྡོ་རྗེ་བདེ་གཤེགས་པདྨ་ལས།། ཚུལ་ཆེན་སྣང་བས་སྡེ་དཔུང་འཇོམས།། བདེ་གཤེགས་བྱང་སེམས་རིགས་ཀུན་འཇོམས།།
133b4 ཡུལ་བདག་རྒྱལ་པོ་དགྱེས་མཆོད་དང་།། ལག་བདང་འགྲོས་མཛེས་ལེ་མཆོའི་རྒྱལ།། བཙུན་མོ་གནས་ཀུན་ལོངས་སྤྱོད་ཅིང་།། རིན་ཆེན་ཞིང་ཁམས་རྒྱན་དང་བཅས།། ཕྱི་རོལ་གཞན་དུ་མི་འཛིན་པར།། ཐབས་མཆོག་ནང་གི་གནས་ཀུན་སྤྱོད།། བསྟན
133b5 པའི་རྒྱུད་སྡེ་དོན་ཞིབས།། དམ་པའི་གནས་ཀུན་གསལ་བར་སྟོན།། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མཆོག། ཤེས་རབ་སྙིང་རྗེ་ཆེ་མངའ་བའི། བློ་གྲོས་རྒྱ་མཚོ་གྲངས་མེད་ཀུན།། ཕྱག་རྒྱ་གསང་སྔགས་སྟོབས་ཀྱིས་འཕགས།། རྒྱལ་པོ་གདྲུག
133b6 ཅན་གངས་རི་མཆོག། ཡིད་འོད་ཙ་ནྡན་སྦྱིན་པའི་ལྷ།། སྡེར་བཅས་ཐེག་པ་ཆེན་པོའི་ལམ།། འབྲས་བུ་གསང་བའི་གནས་ལ་བཀོད།། ལྷོ་རྔུབ་འོད་གསལ་ཅན་གྱི་གནས།། གྱ་ནམ་དབང་པོའི་གྲོང་ཁྱེར་མཚོ།། འགོག་པའི་འཁོར་ལོ་བྱང་ཆུབ་ཤིང་།།
133b7 འོད་བཟར་དཔལ་འབྱུང་ལྷ་མོའི་གྲོང་།། དཔལ་གྱི་སེང་གེ་འཇིགས་པ་སེལ།། བདུད་དཔུང་འཇོམས་པའི་སྟོབས་མཆོག་རྒྱལ།། གཟི་བརྗིད་ཕུང་པོ་རིན་ཆེན་མཆོག། རིན་ཆེན་མཛོད་གནས་གདུང་བ་སེལ།། ཞིང་ཁམས་བཟོད་པའི་མཆོག་དག་ཏུ།
iiif viewer powered by OpenSeadragon
133a - 134a