| | e-texts navigator
|
132b1 བྱས་ཀྱང་།། ཟབ་མ་བྱང་ཆུབ་སམས་ཉིད་བཅན།། བྲན་འབྱུང་འདོད་པའི་ཡོན་ཏན་ཀུན།། མ་བགད་ཀྱིལ་འཁོར་རོལ་བྱ་གནས།། རང་བཞིན་དབྱངས་མ་ལྡན་ཆགས་ཀུན།། ཞན་པ་གཉིས་འཛད་ཆགས་པའི་ལམ།། དངས་རྒྱལ་བྲལ་པར་ཟད
132b2 སྲ།། འགྲོ་ཀུན་རང་གྲུང་ཡིན་མོར་ཀྱང་།། རྣལ་འབྱོར་གསུམ་གྱིས་གཏན་ལ་དབབ།། དེ་ཉིད་འབྲེལ་ཚུགས་ཐེག་པའི་མཆོག། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གས་པ་པར་གནས་པའི་རྒྱུང་ལས
132b3 འདས་པའི་དུས་སུ་བྱུང་བ་སྟེ་ལྔ་པའོ།། ། དེ་ནས་ཀུན་བཟང་བདེ་གཤེགས་ཉིད།། བཟང་མོའི་ཡུམ་དང་སྒོར་མཛོད་ཅིང་།། རྒྱལ་བའི་ཐུགས་ནས་བརྒྱད་པ་དག། བྱིན་གྱི་རླབས་ཀྱིས་བཤད་པའི་ཕྱིར།། དཔའ་བོ་རིགས་ཀྱི་དཀྱིལ
132b4 འཁོར་ཚོགས།། ཀུན་ལ་ཚུལ་འདི་སྟོན་ཅིང་གདམས། བཟང་མོ་མེ་ཏོག་ཕྲང་བ་གྲགས།། ཟླ་ཆོས་རྒྱལ་པོའི་སྲས་བཅས་པར།། བཅུ་བཞིའི་ཕྱོགས་དུས་གནས་བཅས་ཏེ།། སྨོན་ལམ་སྣང་བ་བཞི་བཞིར་བྱུང་།། དེ་དག་སྔ་མའི་སངས་རྒྱས་མཆོག།
132b5 ཡུན་རིང་མཉེས་པར་རིམ་གྲོ་བྱས།། ཕྱོགས་བཅུའི་དགེ་བའི་བཤེས་བཟུང་ཞིང་།། འགྲོ་ཀུན་གནས་སུ་སེམས་བསྐྱེད་དོ།། བསོད་ནམས་ཚོགས་མཆོག་རྒྱ་ཆེན་པོ།། རྣམ་གྲོལ་ཡེ་ཤེས་ཚོགས་བསྐྱེད་མཛད།། བར་སྐབས་གསང་བའི་ཐེག་པར་ཞུགས།།
132b6 དབང་ཐོབ་དམ་ཚིག་ལ་གནས་ཤེད།། བསྟན་པའི་གདམས་ངག་བཟུང་བར་བྱེད།། འབྲས་བུའི་ལམ་དེ་དེ་འབྲས་བུ།། དེ་སྟོབས་དུས་དེར་སངས་རྒྱས་མཆོག། མང་པོ་ཕྱོགས་བཅུར་བཞུགས་ཀུན་ལ།། སོ་སོར་སེམས་བསྐྱེད་སྨོན་ལམ་བཏབ།། ཕྱོགས
132b7 གབུའི་དེ་བཞིན་གཤེགས་ཀུན་གྱིས།། དབང་བསྲུར་གདམས་ངག་ཇེ་ལྟ་བར།། རྣམ་གྲོལ་ཡེ་ཤེས་ཟག་པ་མེད།། སྐུ་གསུང་ཡེ་ཤེས་ཆེན་པོར་ཚུལ།། ཡོན་ཏན་ཕྲིན་ལས་ཀུན་ཏུ་གནས།། གདུལ་གྱིའི་དོན་འགྱུང་སངས་རྒྱས་པ།། ཞིང་ཁམས་ཆེན
iiif viewer powered by OpenSeadragon
132a - 133a