e-texts navigator
Collection
Volume
Page
Wylie

131b1 ཆོས་གསུམ་པད་བཞིན་ཏེ།། བཞི་ནས་གྲངས་མེད་མཐའ་ཡི་བར།། གོལ་སྒྲིབ་བྱང་ཆུབ་སེམས་དཔའི་ལམ།། ཕྱོགས་བལྟས་འཛིན་པའི་སྡུག་བསྔལ་ནད།། ཆགས་བྲལ་བདུད་རྩིའི་རྒྱ་མཚོ་ཉིད།། དུས་གཞན་འདུས་པ་བརྒྱད་།
131b2 གནས་གྲོལ་འོད་ཅན་དུ།། བྱང་ཆུབ་སེམས་དཔ་གསང་སྡོང་གིས།། དཔེ་བཅས་འཇིག་རྟེན་སྒྲོན་མའི་དུས།། སྦྱིན་བདག་དུས་ཀྱི་ཕྲེང་བ་ཅན།། དམ་པའི་ཐེག་ཆེན་བློ་སྐྱེས་ཏེ།། དགེ་བའི་བཤེས་གཉེན་དམ་པ་ལས།། བྱང་ཆུབ་སེམས་ཀྱི
131b3 རྣམ་པ་བླངས།། དགོན་པའི་ཕྱོགས་སུ་གནས་བཅས་ཏེ།། རྩེ་གཅིག་ཤེས་རབ་ཏིང་ངེ་འཛིན།། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ།། ཆོས་ཀུན་སེམས་ཉིད་འོད་གསལ་བར།། ངེས་ཡར་སངས་རྒྱས་དམ་པ་དང་།། ལེགས་ཕྲད་གསོལ་འདེབས་ཇི་ལྟ
131b4 པར།། དབང་བསྐུར་དམ་པས་ཟུང་འཇུག་ཙུལ།། གསང་བ་དམ་པའི་རྒྱུད་འཛིན་པའི།། ཞིང་ཁམས་བཀོད་པ་གཟུགས་མཛེས་སུ།། འཁོར་ལོ་རྒྱུན་དུ་སངས་རྒྱས་བསྐོར།། ཡིད་བཞིན་རྒྱལ་པོ་ཆོས་སྐྱོང་འཁོར།། རྒྱལ་བ་སྲས་བཅས་མང་པོ
131b5 ཀུན།། རྣམ་གྲོལ་ཕུང་པོ་མཚོ་ཆེན་གྱིས།། ཡང་དག་དངོས་བཅས་གཏན་པ་ཕབ།། རིན་ཆེན་མཛོད་ཀྱི་སྒོ་འབྱེད་ཅིང་།། དང་དགུའི་ནོར་བུ་སྣང་བར་མཛད།། གང་འདི་རྣམ་པར་འཕྲུལ་པར་མཛད།། ཆོས་ཉིད་བྱང་ཆུབ་སེམས་རྫོགས་པར།།
131b6 རང་ཀྲུང་སྐུ་མཆོག་དགག་མེད་པར།། བྱིན་རླབས་ཀུན་ཏུ་བཟང་པོའི་རྩ་ལ།། དུས་འདིར་རྫོགས་པའི་འབྲས་བུ་ནི།། རང་བཞིན་ངོ་བོ་དབྱིངས་ན་གནས།། རྩོལ་བྲལ་འབད་པའི་ཤུགས་ལས་སྐྱེས།། སྐུ་གསུམ་གཉིས་མེད་གནས་པའི་ཚུལ།།
131b7 སྤོར་པ~ཾ་མཾ་ལས་ཀྱི་སྟོབས་གནོན་པའི།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེ།། གོ་བའི་དུས་ཉིད་གྲོལ་བའི་ཚུལ།། ཡོན་ཏན་འབྲས་བུ་གཞན་ཀྱང་ཐལ།། སླད་མ་དུས་འགྱུར་གཞི་ཆེ་བ།། རོལ་པ་ཆེན་པོ་འགྱུར་བའི་སྐབས།། ཞིང་ཁམས




iiif viewer powered by OpenSeadragon

131a - 132a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud