| | e-texts navigator
|
131a1 བཟང་ན་འབ་ག།། ཞིང་ཁམས་བཅུ་ལྡན་གྲགས་པ་ཅན།། མནྟ་སློབས་གཞན་གྱིས་པ་འཛིན་པང་།། ས་སྤངས་ཀྱལ་པ་ས་བས།། བགས་སྐངས་སངསསས་དན་ཅན་པང་།། མདང་འ་སྒོནས་འདུག་ཟུང་བ།།
131a2 བབགས་གཅིག་པ་གཅིག་བསྐུལ་ཞིང་།། ཐེག་པ་ཆེན་པོར་སེམས་བསྐྱེད་པས།། སྔོན་ཆད་རྟོགས་པའི་བཀའ་དྲེན་གྱིས།། མངོན་པར་ཤེས་པ་ལྗགས་ལ་གྱུར།། འགྲོ་ཀུན་ལས་རྒྱུ་གང་ལས་བྱུང་།། བྲལ་བའི་བསྟན་པདྲི་མེད་དོན།། གཉིས
131a3 མེད་ཆོས་ལ་འདུན་པར་གནས།། དུས་གཞན་དགེ་བའི་བཤེས་གཉེན་ལ།། དབང་ཐོབ་གདམས་ངག་ཇི་ལྟ་བར།། མངོན་གས་ལ་དག་ཅིང་དྲི་མ་མེད།། ཡེ་ཤེས་ཆེན་པོའི་སྟོབས་རྫོགས་ནས།། རྫོགས་ལྡན་རིན་ཆེན་ཡོད་པའི་གནས།། ཕྱོགས
131a4 བཅུའི་སངས་རྒྱས་མཚན་མཐུན་པར།། རྒྱལ་བའི་དགོངས་པ་མར་མེ་མཛད།། ཞིང་ཁམས་དག་པར་རྫོགས་ལོངས་སྤྱོད།། སྤྲུལ་སྐུ་རྫོགས་པར་ཚུལ་འཛིན་པར།། འཁོར་གྱི་སངས་རྒྱས་བྱང་ཆུབ་སེམས།། གདུལ་བྱ་དག་པ་སྣ་ཚོགས་ལ།།
131a5 བྱིན་རླབས་བཀོད་དོན་རོལ་པའི་ཚུལ།། བདེ་གཤེགས་ཀུན་གྱིས་དབང་བསྐུར་ཏེ།། ཐུགས་རྗེའི་དཀྱིལ་འཁོར་འཕྲུལ་པར་མཛད།། ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་པས།། གསང་བ་བླ་ན་མེད་པའི་ཆུད།། ཕྱོགས་རྣམས་ཀུན་ཏུ་རྣམ་སྤོས་ཏེ།
131a6 སྐལ་ལྡན་འཇུག་པའི་དོན་བཞིན་བཤད།། རྡོ་རྗེ་མེ་དམིགས་འཇིགས་པ་མེད། བདུད་བཞི་ལ་སོགས་ཚོགས་ཀུན་འཇོམས།། རྣམ་དག་ཆོས་ཀུན་སྣང་བའི་གཞི།། ཕྱག་རྒྱ་ཆེན་པོའི་རང་བཞིན་གནས།། འདི་དག་རྨད་བྱུང་སྤུ་རང་གསུང་།། ཐུགས
131a7 ཀྱི་དཀྱིལ་འཁོར་རྣམ་སྣང་བ།། བྱིན་རླབས་ཆོ་འཕྲུལ་འདུས་མ་བྱས།། རྣམ་སྟོང་སྟོང་ཉིད་བདེ་བའི་མཆོག། གཉིས་སུ་རྟོག་པས་གང་སྤྱོད་པ།། དེར་འདོན་མཐའ་ལ་ལྟུང་བར་འགྱུར།། གཅིག་པུར་བཏགས་པས་འཆིང་ཞིང་གྲོལ།། གཉིས
iiif viewer powered by OpenSeadragon
130b - 131b