| | e-texts navigator
|
130b1 བསྒོས།། རོལ་མོས་པར་སྣང་གང་གྱུར་ཅིད་།། དགྱུར་པའི་ལྷས་ཆན་བ་ཅུ་དྲུག་བྱུང་།། ཐམས་ཅད་ལ་མཚོན་ངོ་མཛོར་གྱིས།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས།། འདི་ལྟར་རྣམ་འཕྲུལ་གང་ལགས་སུ།། འཇིག་ཏན་མགོན་གྱིས་གྲང་བསྟན
130b2 མཛོད།། འདི་ནི་ནལ་འབྱོར་སྦྲེལ་ལྡན་དཔལ།། ཉེ་འོད་ཟླ་བའི་གཟི་བརྡད་འབྲལ།། རི་རྒྱལ་བཀྲ་ཤིས་མཛེས་པ་ཅན།། སོར་ཕྲ་མུ་ཏིག་དཔལ་རབ་འབྱོར།། ཆོས་རྒྱལ་མཆེན་བཟང་དཔའ་བོ་མྱོས།། གྲོགས་བྱེད་བརྩེ་བའི་ཡིད་གཞུངས་བརྩེགས།།
130b3 དུས་མཚུངས་བཅོ་ལྔ་ཕྱོགས་གཅིག་ཏུ།། མཉམ་གྲོལ་ཀྱལ་རའི་ཡུམ་ལ་སྦྱོར།། ཕྱི་དུས་སྟོབས་འཕེལ་དག་བྱེད་གནས།། རིམ་བཞིན་འགྲོ་བའི་ཚོགས་ལ་གཤེགས།། ཀུན་གྱིས་པ་དག་གི་བསྟན་པ་འདི།། འགྲོ་བ་ཀུན་ལ་གསང་བར་སྟོན།། མ་མྲ
130b4 འཇིག་རྟེན་འདིར་སྣང་བའི།། འབྱུང་ཆེན་ཕུང་ཁམས་སྐྱེ་མཆེད་དང་།། ཉོན་མོངས་འགྲོ་བའི་ཚོགས་བཅས་ཀུན།། ཡེ་ནས་མ་བཅོས་འགྱུར་བ་མེད།། རིགས་མཆོག་ལྷུན་གྱིས་གྲུབ་པའི་དཀྱིལ།། ཡེ་ཤེས་ཆེན་པོ་མངོན་གསལ་བ།། ཕྱོགས
130b5 མཚམས་དུས་ཀྱི་རྣམ་ཕྱེ་ཡང་།། རྒྱན་གྱི་བཀོད་པ་གཉིས་མེད་པ།། འཆི་འཕོ་འདུ་འབྲལ་རྣམ་པའི་ཡུལ།། བྱང་ཆུབ་བདེ་ཆེན་དབྱིངས་སུ་ནི།། དམིགས་པའི་ཡུལ་ལ་ཡེ་ཤེས་རྗེ།། གསང་རྒྱད་གསང་ཆེན་གས་བའི་མཆོག། སེམས་ཉིད་ཆོས
130b6 སྭརྣམ་བཅས་ཀུན།། གཟུགས་སྤྱན་པ་མཁའི་མཚན་ཉིད་ཅན།། ནམ་གསུམ་གསང་བའི་སྔགས་བརྗོད་པས།། དོན་གཅིག་རོ་མཉམ་སྦྱོར་བའི་རྒྱུ།། ཡེ་ཤེས་དབྱིངས་ཀྱི་བདག་ཉིད་ལ།། ཡེ་ཤེས་རྒྱན་ཚོགས་གསལ་བར་འབྱུང་།། དེ་ལས་དེ
130b7 དེ་གནས་པ།། དེ་ཉིད་དེ་བཞིན་དེ་ཀུན་དངོས།། ཟུང་དུ་འཇུག་པའི་མཚན་ཉིད་ནི།། ཆོག་བྲལ་དཔོ་ཡིས་སྨོན་པར་དཀའ།། རང་ཀླུང་དག་པའི་ཡེ་ཤེས་དེ།། རྟོགས་པའི་དུས་ན་གྲོལ་བ་ཡིན།། དེ་ལ་བདུན་གྱི་དུས་ཆེན་པོ།། གཞན་དག་ག་ས
iiif viewer powered by OpenSeadragon
130a - 131a