e-texts navigator
Collection
Volume
Page
Wylie

129b1 དབྱངས།། སངས་རྒྱས་ཀུན་གྱིས་གཟིགས་པའི་ཡུལ།། བ་ཆེན་སྙིང་པོ་རང་བཞིན་ཉིད།། ཕྱོགས་བཅུ་དུས་ཚོགས་བས་མ་ཡས་པར།། ཐམས་ཅད་ཐམས་ཅད་འདུད་པའི་གནས།། ཉོན་མོངས་སྡུག་བསྔལ་རྒྱུད་རྣམས་ཀུན།། གློ་བར་ཉིང
129b2 བདེ་བའི་ཞིང་།། སྤྲུལ་པ་མ་འགགས་དཀྱིལ་འཁོར་ཀུན།། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐུགས།། རྒྱ་མཚོ་གསལ་བའི་ཉི་ཟླ་བཞིན།། ཕྱོགས་བཅུ་ཁྱད་པར་མཚུངས་པའི་མདོས།། ཀུན་རྟོགས་རླུང་གིས་མི་འགྱུར་བའི།། མཚོ་གཏིང་གསལ
129b3 པའི་རིན་པོ་ཆེ།། ཇི་ལྟར་གནས་པར་ལྟ་བུ།། སངས་རྒྱས་ཐམས་ཅད་དགོངས་པར་མཛད།། སླད་ཀྱི་འགྲོ་གཞན་གཞུག་པ་དྲི་ཕྱིར།། མཚོན་རྒྱུད་ཚིག་གིས་གཏན་ལ་དབབ། ཡུནི་རིང་བརྟན་པའི་གཟུགས་བརྙན་གྱིས།། རྒྱལ་བའི་དགོངས་སྤོད
129b4 སྟོན་པར་བྱེད།། མཐང་གནས་བསྐལ་པ་བཅུ་གཅིག་ན།། མཆོད་འོས་བདེ་བའི་ཞིང་ཁམས་དེར།། རྒྱལ་པོ་ཡོན་ཅན་ལག་གི་གནས།། བཀོད་ཀྱི་པ་གནས་སྲུང་ཉི་ཤུ་གཅིག། གྲོགས་མཚུངས་ཡུན་རིང་ཚངས་པར་སྤོད།། བྱང་ཆུབ་སྙིང་པོ
129b5 སེམས་བསྐྱེད་པས།། སངས་རྒྱས་འབྲུག་སྒྲའི་བསྟན་པ་ལ།། དང་བརྩོན་ཅིག་ཆར་རབ་ཏུ་བྱུང་། དཀྱིལ་འཁོར་གསང་བར་དབང་ཐོབ་ནས།། ཟུང་འཇུག་ཐེག་པ་དམ་ཚིག་གནས།། ཤེས་རབ་ཏིང་འཛིན་འགྱུར་མེད་པར།། སངས
129b6 རྒྱས་ས་མཆོག་སྒྲིབ་མེད་གནས།། དུསཱ་ནས་འགྲོ་གཞན་དོན་གྱི་ཕྱིར།། མཐོང་དགའ་མཐོང་བ་ལ་སོགས་པ།། ཡོན་ཏན་ཀུན་གྱིས་མངོན་འཕགས་པའི།། སྟོན་པའི་མཆོག་ཆེན་ལ་སོགས་བྱུང་།། ཡོན་ཏན་དུས་རིང་སྦྱངས་པ་ཡི།། འཁོར
129b7 ཚོགས་ཀུན་ལ་གསར་པའི་རྒྱུད།། རིམ་བཞིན་བསྟན་པས་གྲོལ་བར་མཛད།། མཉམ་ཉིད་གསུང་བྲལ་སྔགས་ཀྱི་ཚིག། བྱང་ཆུབ་སེམས་དཔའ་ནམ་མཁའི་ཤུགས།། རང་གི་སྡེ་དང་དཔུང་འཁོར་བཅས།། རྒྱལ་བའི་བསྟན་པ་གཟུང་བྱེད་ཅིང་།




iiif viewer powered by OpenSeadragon

129a - 130a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud