| | e-texts navigator
|
128b1 ཟ་སྲིད་པའི་ཆོས།། རྒྱལ་པའི་བསྟན་པ་དགོངས་པའི་དོན།། མ་འགགས་གསལ་བསྲུ་དང་གསུང་།། ཐུགས་ཀྱི་སྒོ་ནས་དྲང་ཚུལ་སྟོན།། ཡ་མཚན་བདེ་གཤེགས་དཀྱིལ་འཁོར་ལས།། དངོས་པོའི་རིགས་ཀུན་སྔ་ཚོགས་ལ།། རྟོགས་པ
128b2 རྒྱུད་ཀྱིས་གཉིས་སུ་བརྟགས།། མི་རྟོག་ཡེ་ཤེས་མི་འགག་པའོ།། འབྲས་བུ་ཡེ་ནས་གནས་པའི་ཆོས།། ཐམས་ཅད་དོན་གྱི་རང་བཞིན་ཡིན།། གསང་མཆོག་བྱང་ཆུབ་སེམས་ཀྱི་དབྱིངས།། སངས་རྒྱས་ཀུན་གྱི་དགོངས་པ་ཉིད།། སྐལ་ལྡན་བྱང་ཆུབ
128b3 སེམས་དཔའ་ལ།། ཐབས་མེད་ཕྱག་རྒྱའི་སྒོ་ནས་སྟེན།། དེ་འོག་བསྐལ་པ་དྲུག་ཅུན།། སྐར་མ་འཚོགས་པའི་འཇིག་རྟེན་དུ།། མྱ་ངན་མུན་འཇོམས་ཆོས་ཀྱི་གྲོང་།། སངས་རྒྱས་མི་ཐུབ་ཟླ་བ་འགྱུར།། རྒྱལ་སྲས་འབར་བའི་བློ་གྲོས་ཀྱིས།།
128b4 ཐེག་ཆེན་གསང་བའི་གློ་སྐྱེས་ནས།། བསམ་པ་བརྟན་པོས་གསོལ་བཏབ་ཅིང་།། ཚད་མེད་གོ་ཆ་བགོས་པའི་མཐུས།། དཀྱིལ་འཁོར་གསང་བར་དབང་བསྐུར་ཅིང་།། རྒྱུད་རིང་། དམ་ཚིག་འབོགས་པར་མཛད།། གཉིས་མེད་མཉམ་པར་བཞག
128b5 པའི་མཐས།། ཀུན་གྱི་ཆོས་ཉིད་དོན་གསུམ་ལ།། བདེ་ཆེན་རྟོགས་པའི་བྱིན་རླབས་ཤར།། སྒྲིབ་བྲལ་སངས་རྒྱས་རྒྱན་གྱིས་བརྒྱན།། དུས་གཞན་སྤྲོས་དད་ལྡན་པ་ཡི།། གནས་སུ་འགྲོ་བའི་དོན་ལ་གཤེགས།། ཐུབ་པ་ཆེན་པོ་ཕྱོགས་བཅུ
128b6 ཡི།། སངས་རྒྱས་ཀུན་གྱོ་ན་དབང་བསྐུར་འགྱུར།། འཁོར་གྱི་སངས་རྒྱས་བྱང་ཆུབ་སེམས།། འཁོར་བཅས་ཀུན་ལ་ཐེག་པའི་གཞུང་།། དུས་གསུམ་གསད་པའི་གདམས་ངག་མཆོག། ཆོས་ཀྱི་ཞིང་ཁམས་སྐྱོད་པར་མཛོད།། བྱང་ཆུབ་སེམས་དཔའ
128b7 བློ་གྲོས་མཛད།། གང་ཕྱིར་དངོས་འདི་སྣ་ཚོགས་པ།། ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད།། སྨིག་རྒྱུ་ཆུ་ཟླའི་དཀྱིལ་འཁོར་དང་།། སྤྲུལ་པ་དྲི་ཟའི་གྲོང་ཁྱེར་ཚོགས།། སྒྱུ་མ་རྨི་ལམ་སྣ་ཚོགས་ཡུལ།། མིག་ཡོར་མེ་ལོང་བཞིན་ལྟ་བུར།། བྲག་ཆསྐྲ
iiif viewer powered by OpenSeadragon
128a - 129a