| | e-texts navigator
|
128a1 བམས་དཔའ་སྣག། ཡེགས་ཐམས་བ་ཟ་ཐཱག།། ཐུས་བརྒྱང་རྣརླཔས་བླངས་ནས་ཏེ།། འཕྲུལ་ལ་ཁྱོར་གཟུང་མདུ་དང་།། བྱང་རྔུབ་པ་མས་ཅགནས་འདུག་པའོ།། རྩལ་སངས་རྒྱས་དག
128a2 པའི་རྒྱུད།། མི་གཉིས་རིམ་བཞིན་བརྒྱུད་པའོ།། དེ་ལས་བསྐལ་པ་ལྔ་ཡི་དུས།། ཞིང་ཁམས་སེང་གེའི་རྩལ་ཞེས་པར།། ཀུན་མཚུངས་སྔོན་འཕགས་གྲགས་པ་ཅན།། གདུལ་བྱ་ཁྱད་པར་འཕགས་པའི་རིགས།། སངས་རྒྱས་ཀྱིས་འཇིགས་སེང
128a3 གེ་འཛེགས།། མར་མེ་སྔོན་འཕགས་རྒྱལ་པོའི་སྤྲིན།། ཙནྡན་པཀོད་པའི་སྡེ་བཅས་པའི།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། རང་རིག་སྤང་བའི་ཞིང་ཁམས་ཀུན།། འོད་བཅས་ཐེག་པའི་འཁོར་ལོ་སྤྱོད།། གྲངས་མེད་བསྐལ་པར་ཚོགས
128a4 བསགས་ཤིང་།། ཡུན་དང་ཐེག་པས་རྒྱུང་སྦྱངས་པའི།། དཔལ་གྱི་སྙིང་པོའི་འོད་ཟེར་ཅན།། སྐར་མ་སྟོབས་བསྐྱེད་དྲ་བའི་སྡེ།། རང་གི་སྟོན་པའི་ཞལ་ནས་སུ།། ངེས་པའི་སྙིང་རྗེ་ཆེན་པོ་ཡིས།། གསང་སྔགས་ཟབ་མོ་ལ་མ་གཉེར་ཞིང་།། རྩེ་གཅིག
128a5 བརྩོན་པས་འདུད་པར་འགྱུར།། དཀྱིལ་འཁོར་གསང་བར་དབང་བསྐུར་ཏེ།། ཐེག་ཆེན་དམ་ཚིག་མཆོག་ལ་བཞག། ངེས་པའི་ཕྱག་རྒྱ་གསང་བ་ཡིས།། བསྐལ་པ་མང་པོ་སྒྲིབ་སྤངས་ཤིང་།། འབྲས་བུ་བྱང་ཆུབ་སེམས་ལ་སྐོར།། ཡོན་ཏན་ཀུན་འབྱུང
128a6 བདག་པོར་འགྱུར།། རྡོ་རྗེ་ལྟ་བུས་ཀུན་བཅོམ་ནས།། ཀུན་ཏུ་འོད་བཟང་མ་ཆགས་སྤྱན།། ཡི་གེ་འཁོར་ལོ་བླ་མེད་གནས།། སྐུ་ལྷ་ཡི་ཤེས་ཆེ་རྒྱུད་སྦྱོར།། རིམ་བཞིན་དེ་འོག་བསྐལ་པ་ལྔར།། སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་།། བྱང་ཆུབ
128a7 སེམས་དཔའི་འཁོར་རྣམས་ལ།། གསང་མཆོག་ཐེག་པ་སྟོན་པར་བྱེད།། བྱང་ཆུབ་སེམས་དཔའ་ཉི་མའི་བཤེས།། རབ་བདག་འོད་ཟེར་སྡང་བའི་སྒོ།། བསྟན་པའི་ཆུད་ཆེན་བཟུང་བྱེད་ཅིང་།། རྣལ་འབྱོར་དབང་ཕྱུག་འཁོར་བཅས་སྐྱོང་།། འདི་ལྟར་སྡང
iiif viewer powered by OpenSeadragon
127b - 128b