e-texts navigator
Collection
Volume
Page
Wylie

127b1 གདྷར་གྱི་འབྱུང་གནས་ལ།། སྔོན་དང་བྱང་ཆུབ་མཚག་སེམས་བརྒྱུར།། གསང་རྫ་ས་དཀྱིལ་འཁོར་འཇུག་པའི་ཐབས།། དབང་བསྐུར་ང་མ་ཆོག་དྲི་མ་མེད།། ཤེས་རབ་རྣམ་དག་རྒྱས་པའི་མཐུས།། མཐོང་བ་འཚལ་རྣམ་པར་གྲོལ། སྤྲིང
127b2 ཚོགས་བག་ཆགས་གནས་ངན་ལེན།། རང་བྱུང་བདེ་ཆེན་རྫོགས་པའི་སྐུ།། སྐུ་མཆོག་མཚན་དང་དཔེ་བྱད་གས་ལ།། གསུང་མཆོག་སྤྲུལ་པའི་ཡི་གེར་ལྡན།། ཐུགས་མཆོག་སྐྱེ་མེད་དབྱིངས་སུ་རྟོགས།། ཡོན་ཏན་མ་འགགས་ཕྲིན་ལས་རྫོགས།།
127b3 དུས་མཚུངས་སྐུ་གསུམ་ཡེ་ཤེས་ཀྱིས།། ཞིང་ཁམས་བཅུ་དྲུག་སྦྱོར་བར་མཛད།། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས།། གྲངས་མེད་བཀོད་པ་ཀུན་ཏུ་གསལ།། རི་རབ་རྒྱ་མཚོ་གྲགས་པའི་གླིང་།། མུ་ཁྱུད་མཐའ་ཅན་གསེར་གླིང་དང་།།
127b4 གཤོག་མཐའ་མཚོན་ཆ་ཞི་བའི་གནས།། འོད་བཀད་སཱ་ལའི་འབྱུང་གནས་སྟེ།། དོན་མཆོག་ཨུཏྤལ་བཟང་པོ་ཅན།། དཔལ་ལྡན་པདྨའི་ཕྲེང་བས་མཛེས།། ལྷ་ཡི་བཀོད་པ་ཡན་ལག་སྐྱེས།། མཁས་རྩེ་ཡོན་ཏན་ལྷ་ཡི་རིགས།། སངས་རྒྱས
127b5 གསེར་ཅན་མེ་ཏོག་ཅན།། དབང་ཕྱུག་དྲག་པོ་རྡོ་རྗེའི་སྙིང་།། རིན་ཆེན་ཕྱག་རྒྱ་ཡོན་མཆོག་ལྷ།། ཐུགས་རྗེ་ཆེན་པོས་ས་གསུང་མཛད།། སེང་གེ་བདེ་གསལ་འགུགས་བྱེད་དབང་།། ཞི་བའི་བཤེས་གཉེན་ཀུན་ཏུ་བརྒྱན།། གྲོལ་ཏེ་དཔལ་གྱི་ཟླ་བའི
127b6 འོང་།། རང་གི་ཝང་ཁམས་གྲངས་མེད་པར།། ཐེག་པ་སྣ་ཚོགས་འཇུག་པའི་ཐབས།། འཁོར་གྱི་གཙོ་བོ་གསང་བའི་སྣོད།། སྤྲིན་མཛད་གྲོལ་བའི་དབང་མཆོག་བསྟན།། ཐམས་ཅད་གདོད་ནས་མ་སྐྱེས་ལ།། སྣད་པའི་དངོས་ཀུན་ག་དང་མ་འགང།།
127b7 རང་བཞིན་བྱང་ཆུབ་སེམས་ཀྱིས་བརྒྱན།། ཡེ་ཤེས་ཆེན་པོའི་གནས་ལ་སྐྱེས།། མན་ངག་སྙིང་པོ་དེ་བཞིན་ཉིད།། ཆོས་ཀུན་འབྱུང་བའི་རྩབས་ཏེ།། དུས་གསུམ་གཅིག་པར་འགྱུར་མེད་པར།། གསང་བའི་རྒྱུད་དུ་འབྲེལ་པའོ།། དེ་ནས་བྱང་ཆུབ




iiif viewer powered by OpenSeadragon

127a - 128a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud