| | e-texts navigator
|
126b1 རྣམ་པར་འཕྲུལ་པའི་སྒོ།། གྲངས་མང་ཀུན་གྱིས་གཟིགས་པ་དག། སངས་རྒྱས་ཀུན་གྱིས་བཀོད་པ་དེ།། བྱིན་རླབས་ཡོན་ཏན་གུང་ལས་བྱུང་།། དེ་དག་འཁོར་གྱིས་རྣོ་ཚོམ་ལས།། སྟོན་པའི་སྣང་བསྒོ་དབྱེ་མཛད།། ཐམས་ཅད་མཁྱེན་པར་ཡེ་ཤེས།
126b2 ཀྱིས།། དུས་གསུམ་སྣང་བའི་ལུང་བསྟན་མཆོག། སྟོང་གསུམ་འཇིག་རྟེན་མཐའ་ཡས་པ།། རྡུལ་སྙེད་བགྲང་བའི་མཐའ་ལས་འདས།། དབྱིབས་རྒྱན་སྣང་བ་སྣ་ཚོགས་ཀུན།། བརྟན་གཡོ་སངས་རྒྱས་ཞིང་ཁམས་མཆོག། རིན་ཆེན་བཀོར་བའི
126b3 གནས་འདི་ཡི།། ཕྱོགས་བཅུ་རབ་འབྱམས་བསྐལ་པའི་དུས།། བགྲང་འདས་གསུམ་གྱི་བར་མཚམས་སུ།། སྨོན་པ་ཇི་ལྟར་སངས་རྒྱས་ཞིང་།། བསྟན་པའི་འདུལ་བའི་སྣོད་ཇི་ལྟར།། བྱུང་ཚུལ་གསང་བའི་ཁྱད་པར་དོན།། འདི་ཡི་ཐོག་མ་གྲངས
126b4 མེད་ནས།། སྟོབས་པ་ཅན་གྱིས་སྦྱིན་པའི་ཀློང་།། གང་ཟག་འཕགས་པའི་རིགས་མཚུངས་པའི།། ཆོས་སྐྱོད་རྒྱལ་པོའི་བློ་གྲོས་དང་།། ཆོས་ཀྱི་སེམས་དཔའ་སེམས་བསྐྱེད་དོ།། ཡུན་རིང་སྦྱིན་སོགས་འགྲོ་བའི་དོན།། རེ་ཞིག་ན་ཡང་རང་སངས
126b5 རྒྱས།། རྫུ་འཕྲུལ་མགྱོགས་པ་ཞེས་བྱ་བས།། གྲོང་ཁྱེར་ཀུན་ཏུ་རྣམ་འཕྲུལ་སྟོན།། མྱ་ངན་འདས་པའི་སྐུ་གདུང་ལ།། འོད་བྱུང་རྐྱེན་གྱིས་སེམས་ཀྱི་དོན།། ཆོས་ཉིད་སྙིང་པོ་འདུ་འབྲལ་མེད།། རྟོགས་ཚིག་སྒྲོགས་ཤིང་གནས་བྱས་ཏེ།། དུས་ཀུན
126b6 འགྱུར་མེད་གསལ་བ་ལས།། ཐམས་ཅད་མཁྱེན་པའི་ཡུམ་སྦྱོར་ཏོ།། སྒྲིབ་ཚོགས་བག་ཆགས་གནས་སུ་དག། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས།། ཕྱོགས་བཙའི་དཀྱིལ་འཁོར་ས་ལེ་བར།། ཆུ་བྱིན་འདྲ་བར་འབྲས་བུའི་ཆོས།། སྟོབས
126b7 བཅུ་མི་འཇིགས་བཞིར་བཅས་པའི།། མཚོན་དཔེ་རྒྱན་སོགས་སྤྱོད་ཡུལ་དང་།། ཞིང་ཁམས་ཡོངས་སུ་དག་པར་འགྱུར།། དེ་ཡི་ཚེ་ན་སྟོང་གསུམ་འདི།། ལན་གྲངས་དུ་མར་གཡོ་ཞིང་བསྐྱོད།། ལྷ་ཡི་རོལ་ཆེན་མེ་ཏོག་ཆང་།། འོད་བཅས་ཕྱོགས
iiif viewer powered by OpenSeadragon
126a - 127a