e-texts navigator
Collection
Volume
Page
Wylie

124b1 པར་གནས་ལ་བཟུགས།། ཀུན་གྱི་དྲན་མོང་མ་ཡིན་པའོ།། དཔེ་ཡི་འཐད་པ་ཅི་ལྟ་བུས།། དོན་གྱི་སྙིང་པོ་བཅོལ་བར་བྱ།། བདག་གཞནང་པོ་ཇི་ལྟར་འཚལ།། ཐམས་ཅད་སྐུ་མཆོག་ཡེ་ཤེས་ཆེ།། བཀུན་རྫས་གཏན་ལ་དབབ་པ་ཆ།། དུས་འདྲ
124b2 འཁོར་ལོ་གནས་ཀུན་ལ།། དྲི་མེད་འབྲས་བུ་ཐེག་པའི་མཆོག། རིགས་མཆོག་ཤེས་རབ་ནམ་མཁའི་དབྱིངས།། བྱང་ཆུབ་སེམས་ཉིད་བཤད་པར་མཛོད།། རྫོགས་པ་ཆེན་པོ་ཆོས་ཉིད་བཀྲ་ཤེས་ནི་ཆུར་པ་གསལ་བར་གནས་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཞུས་པའི་ལེའུ
124b3 སྟེ་གསུམ་པའོ།། ། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག། རྫོགས་ཆེ་བྱང་ཆུབ་སེམས་ཀྱི་དབྱིངས།། ཤེས་རབ་ཆེན་པོས་བརྟགས་དཀའ་བའི།། གཉིས་མེད་ཏིང་འཛིན་དམ་པ་ལས།། སྟོབས་མཆོག་གཙོ་བོ་ཞི་མཛད་དེ།། ཆོས
124b4 ཀུན་སྣང་གསལ་སྟོན་པར་མཛད།། ཐབས་དང་ཤེས་རབ་འབྲེལ་པའི་གཟུགས།། མ་སྐྱེས་སྐྱེ་བ་ཆོ་འཕྲུལ་སྒོ།། མ་འགགས་ཕྱག་རྒྱ་ཆེན་པོའི་ཆོས།། སྣང་མེད་དཀྱིལ་འཁོར་སྣ་ཚོགས་བྱུང་།། བརྗོད་མེད་ཟབ་མོ་རྒྱ་ཆེན་སོགས།། རང་བྱུང
124b5 ཡེ་ཤེས་ཀུན་གསལ་གཞི།། ཡོན་ཏན་རྒྱན་གྱི་དཀྱིལ་འཁོར་ལས།། མཛད་པ་སྣ་ཚོགས་ཀུན་ཏུ་སྣང་།། དེ་ནས་ཀུན་ཏུ་བཟང་པོ་དཔལ།། ཤེས་རབ་གཟིངས་དང་འཁྲིལ་སྦྱོར་ཞིང་།། ཕྱོགས་དུས་ཀུན་ཏུ་གཟིགས་དགོངས་ནས།། ཆོས
124b6 ཀུན་ཇི་ལྟར་སངས་རྒྱས་པ།། རང་གི་ངོ་བོ་བཤད་པར་མཛད།། སྟོན་པའི་བྱེ་བྲག་གྲངས་མེད་མེད།། གཉིས་སྣང་ཐུན་མོང་ཁྱད་པར་ཚུལ།། སྤྱི་ཡི་སངས་རྒྱས་སྣང་སྲིད་དངོས།། ཁྱད་པར་རྒྱུད་ཚུལ་རྟོགས་པའི་དོན།། ཆུ་འབྲས་གདུལ་བྱའི
124b7 སྣང་བ་བཞིན།། རིགས་མཆོག་དཀྱིལ་འཁོར་བླ་ན་མེད།། དངོས་པོར་བྱུང་བའི་ཚུལ་གྱིས་ནི།། བསྟན་པའི་དཀྱིལ་འཁོར་རེག་པའི་མཆོག། སྟོང་གསལ་རྡོ་རྗེ་ཐུགས་ཀྱི་དངོས།། སྲ་བརྟན་བདེ་གཤེགས་སྐུ་ཡི་མཆོག། བསྲེག་སྨིན་པདྨར
124b8 ངམ།




iiif viewer powered by OpenSeadragon

124a - 125a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud