e-texts navigator
Collection
Volume
Page
Wylie

123b1 འདུས་མ་གས་བསྣད་པར་མཛད་།། ཐམས་ཅད་གསང་པའི་དཀྱིལ་འཁོང་དདང་། བྱངསམས་པ་པས་དབང་བསྐུར་ཞིང་།། དམཆོག་ཅན་པོའི་གནས་བསྟན་ཏུ།། གྲོས་སྟོད་གྱི་བྱུང་བར་བཞིན། རྫོགས་ཅན་བྱང་ཆུབ་སམས་ཀྱང་ན།། དྲང
123b2 མཛེསྐརས་བསྟན་པར་དགོངས།། འདི་དག་ཐམས་ཅད་སྤངས་རྒྱས་ཉིད།། བྱང་སེམས་བདེ་བའི་སྙིང་པོ་ཅན།། ཡེ་ནས་གནས་ཏེ་འགྱུར་བ་མེད།། ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་གཞི།། ཆུ་ཏིད་དག་སུ་རྐྱེན་འབྲས་བུ།། རྣམ་ངག་འཇི་ག་ཤེགས
123b3 དཀྱིལ་འཁོར་ལས།། གློ་བུར་འཁྲུལ་པའི་རིགས་རྣམས་ཀྱིས།། བྱང་ཆུབ་སེམས་ལས་རྟོགས་པའི་ཆོས།། ཆུ་ཡི་རླབས་ཀྱིས་རྒྱ་མཚོ་བཞིན།། མ་གཡོས་རང་སར་གནས་མ་རྟོགས། རྒྱ་རྟེན་འབྲས་བུའི་གནས་ལས་གཞན།། བྱང་ཆུབ་པོ་ཆེན་དོན
123b4 བྲལ་བ།། དུས་འདིར་ཐུགས་རྗེ་ཆེན་པོའི་དུགས།། ཐབས་མང་ཐེག་བསྡུས་ངེས་མཆོག་དོན།། སྟོན་པའི་ཚུལ་ལྡན་ཁྱེད་རྣམས་ཀྱིས།། ལེགས་པར་བཟུང་བྱོས་བདག་གཞན་དོན།། སྔོན་གྱི་སངས་རྒྱས་རྣམས་ཀྱི་བཀའ།། དགོངས་པའི་དོན་མཆོག
123b5 གཉིས་མེད་པ།། ད་ལྟ་མ་འོངས་རླབས་པའི་ལམ།། གཉིས་མེད་འབྲས་བུ་ཐེག་པའི་མཆོག། ངེས་པར་ཆོས་ཀུན་སྔོན་གྱི་གནས།། བདེ་གཤེགས་འབྱུང་གནས་ཚུལ་ཀུན་ལྡན།། དེ་ལས་ལྷག་པའི་གནས་མེད་དེ། རང་བྱུང་ཡེ་ཤེས་གསལ་བའི
123b6 ཀླང།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤེས་མི་འགྱུར་བཀསལ་བར་གནས་པའི་རྒྱུད་པས། གླེང་སློང་བའི་ལའུ་སྟེ་གཉིས་པ་།། དེ་ནས་རྡོ་རྗེ་སེམས་དཔའ་ལ།། རིགས་པནིང་རྒྱལ་བ
123b7 བདགཤེགས་བཅས།། ཡུ་མཚོགས་འགྲེལ་བས་བསྟོད་པས་ཏེ།། མཆོད་ཅིང་ཕྱག་འཚལ་འདུན་པས་གནས།། ཨ་མཻ་ཧོ་བདེ་གཤེགས་ཀུན་གྱི་སྒྲ།། མཚན་བཟང་དཔེ་བྱད་ཕུན་སུ་མ་ཚོགས།། ཀུན་འབྱུང་སྣང་བ་དགག་མེད་པའི།། ཡོན་ཏན




iiif viewer powered by OpenSeadragon

123a - 124a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud