e-texts navigator
Collection
Volume
Page
Wylie

123a1 ཚུལ་བཞིན་སྣང་མཛད་སྐུ་ཡི་མཆོག། ཀུན་འབྱུང་ཕུང་པོ་ཡོན་ཏན་ཆེ།། རྣམ་དག་དྲི་མེད་ཆགས་མཛོད་གསུང་།། ཀུན་ཏུ་ཕྲིན་ལས་དོན་ཡོད་པ།། བདེ་གཤེགས་ཐམས་ཅད་ཚུལ་འཇུག་པའོ།། ཆོས་དབྱིངས་ཀུན་ཏུ་སྐྱོན་དང
123a2 བྲལ།། གནས་ཀུན་རྣམ་དག་གཟིགས་པའི་སྤྱན།། འདོད་པས་སྡུད་བྱེད་ཡོན་ཏན་བསྐྱེད།། དྲི་མེད་ན་བཟའ་སྨིན་པའི་སྐུ།། ཀུན་སྤྱོད་དྲུགས་རྗེས་སྒྲོལ་བར་བྱེད།། བཅོམ་ལྡན་གཉིས་མེད་འབྲེལ་པའི་གཟུངས།། ཕ་རོལ་གྱིན་འི་གྲོའ་བའི་ཟླ།། ཡོན
123a3 ཧར་བཀོད་དེས་རྒྱལ་པོ་དཔལ།། པདྨ་རྣམ་དུག་འཇིག་རྟེན་སྤྱན།། རྔ་སྒྲ་སྒྲོགས་བྱེད་སྟོབས་མཆོག་ལས།། བྱམས་ཆེན་མྱ་ངན་དྲི་མ་མེད།། ཡོན་ཏན་ཀུན་འབྱུང་སྤོབས་པ་བརྩེགས།། དཔལ་གྱི་སེང་གེ་བདུད་དཔུང་འཇོམས།། གཟི་བྱིན་ཕུང་པོ
123a4 རིན་ཆེན་མཛོད།། པདྨོའི་མཚན་མཆོག་རྒྱ་མཚོ་མཆོག། འཁོར་ཚོགས་གཞན་དག་བསྐུལ་བར་བྱེད།། ཐམས་ཅད་བློ་གྲོས་གཅིག་པར་གྱུར།། གསུང་གཅིག་ཚུལ་གྱིས་གསོལ་འདེབས་ཤིང་།། སྣ་ཚོགས་མཆོད་པ་ར་དྲལ་འབུལ།། ཕྱག་འཚལ
123a5 ཡང་ཡང་གསོལ་བ་འདེབས།། གུས་པས་ཐལ་སྦྱར་རྩེ་གཅིག་པའོ།། རྒྱལ་བ་ཀུན་གྱི་དེ་བཞིན་ཉིད།། ཡེ་ཤེས་སྙིང་པོའི་གནས་བཞུགས་པ།། སྐུ་གསུང་ཐུགས་ལས་སྤྲུལ་པའི་ཚོགས།། རྒྱུ་རྐྱེན་མེད་པར་སྟོན་མི་མཛད།། བདེ་བར་བསྟེན་གཙོ་བོ
123a6 མཆོག། ཐུགས་རྗེ་དྲི་མེད་དངོས་པོའི་དོན།། ཕྱོགས་བཅུའི་དཀྱིལ་འཁོར་ཀུན་སྣང་བ།། རྒྱུ་རྐྱེན་གང་ལས་བྱུང་བ་ཡིན།། འགོག་པ་མི་མངའ་ཐུགས་རྗེ་ཅན།། པདྨེ་འི་སྤྱན་རིང་ཀུན་ཏུ་གཟིགས།། རྒྱལ་བ་རྒྱ་མཚོའི་དགོངས་དོ་ན་གསང་།། དུས
123a7 འདིར་སྣང་བའི་སྐབས་ལ་སོགས་སོ།། དེ་ནས་ཀུན་བཟང་བདེ་ཆེན་དཔལ།། ཐམས་ཅད་ཆོས་ཀྱི་དོན་མངའ་བས།། རང་གནས་མ་གཡོས་ཀུན་ཏུ་སྡང་།། ཕྱོགས་བཟུར་སྟོན་པའི་ཚུལ་བཞུགས་ཤིང་།། པདྨའི་གར་གྱིས་གདུལ་བྱའི་ཚོགས།། ཀུར




iiif viewer powered by OpenSeadragon

122b - 123b

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud